e-texts navigator
Collection
Volume
Page
Wylie

102b1 ནིསྤྲེའུར་གྱུར་ཏོ། ། སེར་སྐྱ་བཟང་པོ་ནི་སྤྲེའུ་མོར་གྱུར་ཏོ།། སྒྲ་གཅན་ཟིན་དང་ཀུན་དགའ་བོ་ནི་སྤྲེའུ་ཕྲུག་ཏུ་གྱུར་ཏོ།། དགེ་སློང་ཕྲེང་བ་བཟང་པོ་ནི་དེའི་ཚེ་དེའི་དུས་ན་བྱ་རྒོད་ཀྱི་རྒྱལ་པོ་སྤུ་གྲི་པ་ཞེས་བྱ་བར་གྱུར་ཏོ།། བློ་གྲོས་རྒྱ་མཚོ
102b2 དེ་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལུས་ནི་ཡོངས་སུ་གཏང་བར་བྱའི་སྐྱབས་སུ་དང་བ་རྣམས་ནི་ཡོངས་སུ་གཏང་བར་མི་བྱ་སྟེ་ཇི་སྐད་སྨྲས་པ་དེ་བཞིན་དུ་བསྒྲུབ་པར་བྱའོ། ། དེ་ལ་ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ
102b3 གང་ཞེ་ན། བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་སྦྱིན་པ་སྨྲ་བ་ནི་ཇི་སྐད་སྨྲ་བ་སྟེ། གང་གི་ཚེ་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བར་སྣང་བ་འདི་ནི་དེའི་དེ་བཞིན་བྱེད་པའོ།། དེ་ལྟར་ན་ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་ཡིན་ནོ།།
102b4 བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་སྨྲ་བ་ནི་ཇི་སྐད་སྨྲ་བ་སྟེ། གང་གི་ཚེ་ཚུལ་ཁྲིམས་དང་བསླབ་པ་དང་སྦྱངས་པའི་ཡོན་ཏན་ཐམས་ཅད་ཡང་དག་པར་འཛིན་ཅིང་སྤྱོད་པར་ཀུན་ཏུ་སྣང་བ་འདི་ནི་དེའི་དེ་བཞིན་བྱེད
102b5 པའོ། ། བྱང་ཆུབ་སེམས་དཔའ་བཟོད་པ་སྨྲ་བ་ནི་ཇི་སྐད་སྨྲ་བ་སྟེ། གང་གི་ཚེ་གནོད་སེམས་དང་ཐ་བ་དང་། ཞེ་སྡང་སྤོང་བར་སྣང་བ་འདི་ནི་དེའི་དེ་བཞིན་བྱེད་པའོ།། བྱང་ཆུབ་སེམས་དཔའ་བརྩོན་འགྲུས་སྨྲ་བ་ནི་ཇི་སྐད་སྨྲ
102b6 པ་སྟེ། གང་གི་ཚེ་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་ཚོལ་བ་ལ་བརྩོན་འགྲུས་སྣང་བ་འདི་ནི་དེའི་དེ་བཞིན་བྱེད་པའོ།། བྱང་ཆུབ་སེམས་དཔའ་བསམ་གཏན་སྨྲ་བ་ནི་ཇི་སྐད་སྨྲ་བ་སྟེ། གང་གི་ཚེ་བསམ་གཏན་དང་རྣམ་པར་ཐ
102b7 པ་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་རྣམས་ལ་སྣང་བ་འདི་ནི་དེའི་དེ་བཞིན་བྱེད་པའོ། ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཤེས་རབ་སྨྲ་བ་ནི་ཇི་སྐད་སྨྲ་བ་སྟེ། གང་གི་ཚེ་རབ་ཏུ་དབྱེ་བའི་སྤོབས་པ་རྣམ་པར་ངེས
102b8 པའི་ཡེ་ཤེས་ལ་མཁས་པར་སྣང་བ་འདི་ནི་དེའི་དེ་བཞིན་བྱེད་པའོ། ། དེ་བཞིན་དུ་མི་དགེ་པའི་ཆོས་ཐམས་ཅད་ཀྱི་བར་དག་སྤོང་བར་སྨྲ་བ་དང་། དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བ་སྨྲ་བ་ནི་བྱང་ཆུབ




iiif viewer powered by OpenSeadragon

102a - 103a

Texts on this page

Q819 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo