| | e-texts navigator
|
101b1 རྣམས་ལ་ཡང་བརྩོན་པར་མི་བྱེད་ན། བྱང་ཆུབ་སེམས་དཔའ་དེ་ནི་ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་མ་ཡིན་ཏེ། ལྷ་དང་བཅས་པའི་འཇིག་རྟེན་ལ་སླུ་བ་ཡིན་ནོ།། དེ་ལྟ་བུ་དེ་སྔོན་སངས་རྒྱས་མཐོང་བའི་ལྷ་རྣམས་ཀྱིས་མཐོང་ན་འ
101b2 ཞིང་གཞོགས་འཕྱས་བྱེད་ལ་རྣམ་པར་སྨོད་དེ། གང་དག་མཆོད་སྦྱིན་བྱ་བར་དམ་བཅས་པ་ཉམས་འོག་ཏུ་ཆུད་པར་བྱེད་པའི་མཆོད་སྦྱིན་གྱི་བདག་པོ་བྱེད་པ་དེ་དག་ནི་དཀོན་ནོ།། དེ་བས་ཀྱང་གང་དག་མཆོད་སྦྱིན་ཆེན་པོ་དེ
101b3 བརྩམས་ནས་བླ་ན་མེད་པའི་ཐེག་པ་ཆེན་པོ་ལ་ཡོངས་སུ་སྐྱོ་བར་མི་འགྱུར་བ་དག་ནི་ཆོས་དཀོན་ནོ། ། བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔས་གང་གིས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ལ་སླུ་བར་འགྱུར
101b4 པའི་ཚིག་བརྗོད་པར་མི་བྱའོ། ། བློ་གྲོས་རྒྱ་མཚོ་གཞན་ཡང་ལ་ལ་ཞིག་གིས་བྱང་ཆུབ་སེམས་དཔའ་གང་ལ་ཆོས་ཀྱི་དོན་བྱ་བར་གསོལ་བ་བཏབ་ལ། དེ་ལ་བྱང་ཆུབ་སེམས་དཔའ་ཁོ་བོས་ཁྱེད་ཀྱི་ཆོས་ཀྱི་དོན་འདི་ཡོངས
101b5 སུ་ཐོབ་པར་བྱའོ་ཞེས་ཚིག་སྨྲས་པར་གྱུར་ན། བྱང་ཆུབ་སེམས་དཔས་དེ་ལ་ལུས་ནི་ཡོངས་སུ་བཏང་བར་བྱའི་སེམས་ཅན་བསླུ་བར་ནི་མི་བྱའོ།། བློ་གྲོས་རྒྱ་མཚོ་ཁྱོད་ཀྱིས་རྣམ་གྲངས་འདིས་ཀྱང་འདི་ལྟར་རིག་པར་བྱའོ།།
101b6 བློ་གྲོས་རྒྱ་མཚོ་སྔོན་བྱུང་བའི་འདས་པའི་དུས་ན་བསྐལ་པ་གྲངས་མེད་པའི་ཡང་ཆེས་གྲངས་མེད་པ་དཔག་ཏུ་མེད་པར་གྱུར་པ་དེའི་ཚེ་དེའི་དུས་ན། སེང་གེའི་རྒྱལ་པོ་དར་དཀར་ལྟ་བའི་རལ་པ་ཅན་ཡན་ལག་མ་སྨད་པ་ཞེས
101b7 བྱ་བ་སེམས་ཅན་ཐམས་ཅད་ལ་བྱམས་པའི་རྗེས་སུ་ཞུགས་པ་རྩ་བ་དང་ལོ་མ་དང་མེ་ཏོག་དང་འབྲས་བྲལ་མོས་པཞིག་རིའི་ཕྲག་བགྲོད་དཀའ་བ་ཞིག་ན་གནས་སོ། ། རི་ཕུག་བགྲོད་དཀའ་བ་དེ་ན་སྤྲེའུ་ཕོ་མོ་གཉིས་ཤིག་ཀྱང
101b8 གནས་སོ། ། དེ་ནས་དུས་གཞན་ཞིག་ན་སྤྲེའུ་མོ་དེ་ལ་བུ་འབྲངས་ནས་དེ་ལས་ཕྲུ་གུ་གཉིས་བྱུང་ངོ་།། དེ་ནས་སྤའུ་དེ་དང་སྲེའ་མོ་དེས་པྲ་གུ་དེ་གཉིས་རི་དགས་ཀྱི་རྒྱལ་པོ་སེང་གེལ་གཏམས་ཏེ་སྤྱོད་ཡུལ་དུ་དོང་ངོ་།། དེ་ནས་བྱ
iiif viewer powered by OpenSeadragon
101a - 102a