e-texts navigator
Collection
Volume
Page
Wylie

191a1 སྡིག་ཅན་དེ་ལྟ་མོད་ཀྱིསེ་མས་ཅན་རྣམས་ནི་དག་ཉིད་ཀྱིས་བདག་ཉིད་ཇི་ལྟར་རིང་བར་འགྱུར་བ་དེ་ལྟར་བྱེད་པས་ན་དེ་རྣམས་ལ་ཁྱོད་ཀྱིས་ཀྱང་ཅི་ཞིག་བྱར་ཡོད། ། སྡིག་ཅན་དེ་ལྟར་ན་སེམས་ཅན་གྱི་ཁམས་དཔག་ཏུ་མེད་པར
191a2 ཡོད་ཀྱིས་དེ་དག་ལ་བྱ་བ་གང་ཡོད་པ་དེ་གྱིས་ཤིག། དེ་བཞིན་གཤེགས་པ་ནི་དོ་སོད་ནམ་གྱི་ཐུན་ཐ་མལ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ
191a3 དགེ་སློང་དག་ཁྱོད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་དག་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་དེ་ལྟ་ལགས་སོ།། བཀའ་སྩལ་པ། དེ་བས་ཀྱང་ཤིན་ཏུ་ཚད་མེད་པ་དག་ཡོད་པར་བལྟའོ།། དེ་བཞིན་དུ་སངས་རྒྱས
191a4 བཅོམ་ལྡན་འདས་དེ་དག་གི་འཇིག་རྟེན་གྱི་ཁམས་དང་། སངས་རྒྱས་ཀྱི་ཞིང་ཕྲན་སུམ་ཚོགས་པ་དག་མཐོང་ངས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་བཀོད་པ་དང་། ཉན་ཐོས་རྣམས་ཀྱི་ཉན་ཐོས
191a5 ཀྱེ་ཐུན་སུམ་ཚོགས་པ་དག་མཐོང་ངམ། དེ་དག་གིས་གསོལ་པ། བཅོམ་ལྡན་འདས་དེ་དེ་ལྟ་ལགས་སོ།། བདེ་བར་གཤེགས་པ། དེདེ་ལྟ་ལགས་སོ།། བཀའ་སྩལ་པ། དགེ་སློང་དག་དེ་བཞིན་གཤེགས་པས་ན
191a6 དེ་བས་ཀྱང་ཕྱིར་ཞིང་ལྷག་པ་དང་། ཤིན་ཏུ་ཚད་མེད་པ་དག་ཀྱང་རབ་ཏུ་མཁྱེན་ཏེ། དགེ་སློང་དག་ངས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་དེ་བཞིན་གཤེགས་པའི་ཕུན་སུམ་ཚོགས་པ་དང་། སངས་རྒྱས་ཀྱི
191a7 ཞིང་གི་བྲན་སུ་མཚོགས་པ་དེ་ལྟ། བུ་ག་ཐོད་ཞེས་བསྐལ་པ་འག་བན་ལ་རྒྱ་གལ་པ་སྟོང་ངམ། བཀལ་པ་འབུམ་འམ། བསྐལ་པ་བྱེ་བ་འམ། བསྐལ་པ་ཁྲག་ཁྲིག་གམ། དེ་བས་ཀྱང་ལྷག་པསྙེད་དུ་དཔེས
191a8 རབ་ཏུ་ཕྱེ་སྟེ་རྒྱ་རེར་ཡང་དག་པར་རབ་ཏུ་བརྗོད་ཀྱང་མཐར་ཟག་པར་འགྱུར་བ་མེད་དོ། ། དགེ་སློང་དག་ངས་བྱེད་ཅགཉན་ཐོས་རྣམས་ལ་སྙན་པའི་བྱ་བ་གང་ཡིན་པ་དེ་ཡང་བྱས་ཏེ། ངས་ཆོས་ལ་སློབ་དཔོན་གྱི་དཔ




iiif viewer powered by OpenSeadragon

190b - 191b

Texts on this page

Q804 - 'phags pa khye'u bzhi'i ting nge 'dzin zhes bya ba theg pa chen po'i mdo