e-texts navigator
Collection
Volume
Page
Wylie

157b1 གྱུར་ཅི་། ། ཐུགས་ཀྱི་ཕུང་པོ་ཆེན་པོ་ཡང་།། མདུན་ན་མཆིས་པ་མཐོང་བ་ན།། ཀུན་ནམ་ཞུགས་པར་མཐོང་ནས་ནི།། དེ་དག་འཇིགས་པ་སླར་སྐྱེས་ཤིང་།། ཕྱོགས་རྒྱུག་དེ་དག་སྐྱབས་མ་མཆིས།། ཀུན་ནས།
157b2 དཔུང་གཉེན་མ་མཆིས་ལྟར།། དེ་བཞིན་སེམས་ཅན་མང་པོ་རྣམས།། སངས་རྒྱས་མྱ་ངན་འདའ་ཐོས་ནས།། སྐྱབས་མ་མཆིས་ཤིང་སྡུག་བསྔལ་ལ།། མྱ་ངན་ཟུག་དྲུས་གཟིང་བར་མཐོང་།། གང་དག་གཙོ་བོ་འདས
157b3 གྱུར་ན། ། ཇི་ལྟར་སངས་རྒྱས་བལྟ་བར་བགྱི།། གཞན་དག་མྱ་ངན་འདའ་འགྱུར་ལ།། བཅོམ་ལྡན་བསྐལ་པར་བཞུགས་སུ་གས་ལ།། ཐུགས་འབར་མེ་ལྕེ་ལྡན་གྱུར་པ།། རྒྱུ་ཟད་རབ་ཏུ་ཞི་བལྟར།། གྱད་ཀྱི་ཡུལ
157b4 དུ་རྫོགས་སངས་རྒྱས། ། མྱ་ངན་འདའ་བ་ཇི་ལྟར་བལྟ།། སངས་རྒྱས་འོད་མའི་ཚལ་ཁྲོད་དུ།། དེ་རིང་སླན་ཆད་མི་མཐོང་ཞིང་།། འདྲེན་པ་རྒྱལ་བྱེད་ཚལ་དུ་ནི།། ཆོས་སྟོན་པ་ཡང་མི་མཐོང་ངོ་།། མི་མཆོག་དནི
157b5 འདས་གྱུར་ཅེས། ། ལི་ཙ་བྱི་ཡི་གྲོང་ཁྱེར་མཆོག། ཡངས་པ་ཅན་དུ་ཞུགས་ནས་ནི།། ལི་ཙ་བྱིལ་ཇི་ལྟར་བརྗོད།། གང་ཟག་གཙོ་བོ་འདས་གྱུར་ཅེས།། ཤཱཀྱ་རྣམས་ཀྱི་གྲོང་ཁྱེར་མཆོག། སེར་སྐྱའི་གནས་སུ་མཆིས
157b6 ནས་ནི། ། ཀུན་མི་དགའ་བ་ཇི་ལྟར་བརྗོད།། མཐུ་ཆེན་ད་ནི་རབ་ཞི་ཞེས།། མ་ག་དྷ་བ་རྣམས་དང་ནི།། མ་སྐྱེས་དགྲ་ཡི་གྲོང་མཆོག་ཏུ།། ཇི་ལྟར་ཚིག་ཏུ་བརྗོད་པར་བགྱི།། ཤཱཀྱ་སེང་གེ་འདས་གྱུར་ཅེས།། སྲོག་ཆགས་སྟོང་ཕྲག་མང་པོ
157b7 དག། ཚེ་དེས་ཡང་དང་ཡང་འདེབས་ན།། བདག་གིས་ཇི་ལྟར་ལོན་ཡང་གདབ།། ཤཱཀྱ་སེང་གེ་འདས་གྱུར་ན།། དགེ་སློང་དགེ་སློང་མ་དག་དང་།། ཁྱིམ་པ་རྣམས་ཀྱང་བདག་གིས་ནི།། ཇི་ལྟར་དགའ་བ་གྱི་མི་ཡི་མཆོག། སྐྱེས་མཆོག
157b8 བདག་ལ་གནས་བརྟན་རྣམས། ། ཀུན་དགའ་མི་མཆོག་སྦྱིན་པའི་གནས།། རྫོགས་པའི་སངས་རྒྱས་གར་གཤེགས་ཤེས།། འདྲིན་ཇི་སྐད་བརྗོད་པར་བགྱི།། ཐུབ་པ་ལྷ་ཀླུས་དྲིས་པ་ན།། བསམ་གཏན་ཆེན་པོ་སྙོམས་ཞུགས




iiif viewer powered by OpenSeadragon

157a - 158a

Texts on this page

Q804 - 'phags pa khye'u bzhi'i ting nge 'dzin zhes bya ba theg pa chen po'i mdo