| | e-texts navigator
|
156b1 གཅིག་གང་དུ་གཅིག་ལྟ་ཞིང་དུའོ། ། ཁ་ཅིག་ནི་ལ་གདངས་ཏེ་ཉམ་ཐག་པའི་དངོ་འབྱིན་ཅིང་སྨྲེ་སྔགས་འདོན་ལ་དབང་པོ་ཉམས་ཤིང་བཞིན་གྱི་དཀྱིལ་འཁོར་མོག་མོག་པར་གྱུར་ཏེ་རྐང་ལག་སྦྱར་ཞིང་ངུའོ།། ཡང་དེན
156b2 ཅིག་ནི་གཅིག་ལ་གཅིག་ལྟ་ཞིང་དུའོ། ། ཁ་གཅིག་ནི་ཀླད་པ་རྡེབས་པར་བྱེད་དོ།། བ་ཅིག་ནི་ལག་པ་གཉིས་ཀྱིས་མགོ་ལ་རྡེབས་ཤིང་ལུས་རབ་ཏུ་ཉོན་མོངས་པར་བྱེད་དོ།། ཁ་ཅིག་ནི་མིག་སྦྱར་ཞིང་དྲད་མོས་འདེབས་ལ།
156b3 རྐང་ཐིལ་བསྲེགས་པ་བཞིན་དུ་སྐྱིད་པ་འདརལ་ཆོ་དེས་འདེབས་ཤིང་སྨྲེ་སྔགས་འདོན་ཏོ།། ཁ་ཅིག་ནི་ཨེ་མའོ་སངས་རྒྱས། ཨེ་མའོ་སངས་རྒྱས་ཞེས་སྨྲེ་སྔགས་འདོན་ཅིང་གདོང་མཆི་མས་གང་ལ་སྡུག་བསྔལ
156b4 ཞིང་ཉམ་ཐག་ཏེ། ལག་མཐིལ་གྱིས་མགོ་མཉེད་ཅིང་ཆོ་ངེས་འདེབས་ལ་མྱ་ངན་བྱེད་ཅིང་མྱ་ངན་གྱི་ཟུག་རྔུས་གཟི་རབས་བཞིན་གྱི་དཀྱིལ་འཁོར་ལ་འདྲད་ཅིང་མྱ་ངན་བྱེད་སྨྲེ་སྔགས་འདོན་ཏོ།། སྲོག་ཆགས་བྱེ་བ
156b5 ཕྲག་མ་པོ་གཞན་དག་ནི། མཚམས་བརྣངས་བཞིན་དུ་མཆིམ་ཀློག་ཅིང་སྒྲ་ཆེན་པོ་འབྱིན་ཏོ།། ཁ་ཅིག་ནི་ཐལ་མོ་སྦྱར་ཏེ་མཆི་མ་ཀློག་ཅིང་སྨྲེ་སྔགས་འདོན་ཏོ།། ཁ་ཅིག་ནི་མྱ་ངན་གྱི་མེས་གདུངས་ནས་ལག་པ་གཡས
156b6 པས་མགོ་བོ་ལ་འཛིན་ཅིང་སྨྲེ་སྔགས་འདོན་ཏོ། ། དེ་བཞིན་དུ་གཞན་དག་ཀྱང་ལུས་ཡོངས་སུ་ཆུ་ནས་ལག་པ་གཡོན་པས་མགོ་བོ་ལ་འཛིན་ཅིང་སྨྲེ་སྔགས་འདོན་ཏོ།། ཁ་ཅིག་ནི་ལག་པ་རྡེ་བ་ལ་གཞན་གྱི་དཀྱིལ་འཁོར
156b7 གྱི་མདོག་ཉམས་ཤིང་སྔོན་པོར་གྱུར་ལ། མྱ་ངན་གྱིས་ཉམ་ཐག་ཅིང་སྨྲེ་སྔགས་འདོན་ཏོ།། དེ་ནས་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་འཁོར
156b8 དང་བཅས་པ་དེ་དག་མྱ་ངན་བྱེད་ཅིང་སྨྲེ་སྔགས་འདོན་བཞིན་དུ་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཤིང་བཅད་དེ་འགྱེལ་བ་བཞིན་དུ་ས་ལ་སྐྱེལ་ནས། ཁ་ཅིག་ནི་བཅོ་ལྡན་འདས
iiif viewer powered by OpenSeadragon
156a - 157a