| | e-texts navigator
|
156a1 ཤིད་རྣམས་པཀད་མཛད་ཅིང་།། སྐུལ་འི་འདུ་ཤེས་མི་མངའ་བ།། མགན་པ་དནི་དེ་རིང་མྱ་ངན་འདལ།། སྦྱིན་པ་གྱད་ཀྱི་ཡུལ་དུ་གཤེགས་ནས་ནི།། ཉན་མང་པ་འཚལ་ཐང་གྲགས་གྱུར་ཏེ།། བས་མ་གཏན
156a2 བཞིལ་བདག་ཉིད་མཉམ་བཞག་ནས། ། ཤི་ཟད་མི་ལྟར་མྱ་ངན་འདའ་བར་འགྱུར།། ཚེ་དང་ལྡན་པ་མ་འགགས་པས་ཚིགས་སུ་བཅད་པ་དེ་དག་སྨྲས་མ་ཐག་ཏུ་དེ་ནས་དེའི་ཚེ་སངས་རྒྱས་ཀྱི་མཐུས་འཇམ་བུའི་གླིང་ན
156a3 དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མཇི་སྙེད་པ་རྣམས་ལས་གནས་བརྟན་འོད་སྲུང་ཆེན་པོ་འཁོར་དང་བཅས་པ་མ་གཏོགས་པ་དང་། གཞན་ཡང་དགེ་སློང་ཉིས་བརྒྱ་རྩ་བཞི་མ་གཏོགས་པ་དེ་ལས
156a4 ག་ཞན་པའི་འཁོར་བཞི་པོ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་བ་རྣམས་བཅོམ་ལྡན་འདས་ལ་བལྟ་བའི་ཐ་མར་གྱུར་པ་ནི་འདི་ཡིན་ནོ་ཞེས་ཀྱད་རྣམས་ཀྱི་ཉེ་བ་ན་ཡོད་པ་ཤིང་ས་ལ་ཟུང་གི་ཚལ་གལ་བ་དེར་དོང
156a5 རོ། ། ཚེ་དང་ལྡན་པ་མ་འགགས་པས་ཚིགས་སུ་བཅད་པ་དེ་དག་སྨྲས་མ་ཐག་ཏུ་དེ་ནས་དེའི་ཚེ་གཞན་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་མངོན་པར་ཤེས་པ་མངོན་པར་ཤེས་པའི་ལྷ་དང་། ལྷའི་བུ
156a6 མོ་དང་། ཀླུ་དང་། ཀླུ་རྒན་པོ་དང་། ཀླུའི་བུ་མོ་དང་། གནོད་སྦྱིན་དང་། གནོད་སྦྱིན་གཞོན་ནུ་དང་། གནོད་སྦྱིན་གྱི་བུ་མོ་དང་། ཤ་ཟ་དང་། ཤ་ཟ་རྒན་པོ་དང་། ཤ་ཟ་གཞོན་ནུ་དང་། ཤ་ཟ་གཞོན་ནུ་མ་ཇི་སྙེད་པ་རྣམས་དང་། འགྲོ་བ་རྣམས
156a7 ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་དང་། སྐར་མ་ཇི་སྙེད་པ་དེ་དག་ཐམས་ཅད་མིག་མཆི་མས་གང་སྟེ་མྱ་ངན་བྱེད་ཅིང་སྨྲེ་སྔགས་འདོན་ལ་དུད་མོས་འདེབས་ཤིང
156a8 ཡང་དང་ཡང་དུ་སྨེ་སྟེ། སྡུག་བསྔལ་ཞིང་ཡིད་མི་བདེ་ལ་མྱ་ངན་གྱི་ཟུག་རྔུས་གཟིར་བས་ལག་པ་གནམ་དུ་བསྒྲེང་སྟེ། དུད་མོས་འདེབས་པར་བྱེད་དོ།། ཡང་ཁ་ཅིག་ནི་ལག་པ་སྦྲེལ་ཅིང་ངུའོ།། ཁ་ཅིག་ནི་ཕན་ཚུན་མགེ་སྤྲད་དེ
iiif viewer powered by OpenSeadragon
155b - 156b