e-texts navigator
Collection
Volume
Page
Wylie

155b1 བདེ་བ་སྩོལ་མཛད་ཅིང་། ། སེམས་ཅན་རྣམས་ཀྱི་སྦྱིན་གནས་གང་ཡིན་པ།། ཐུབ་པ་དེ་ནི་དེ་རིང་མྱ་ངན་འདའ།། ཡེ་ཤེས་འབྱུང་གནས་རབ་རིབ་མུན་བཅོམ་ཞིང་།། འཇིག་རྟེན་སྲོག་ཆགས་རྣམས་ཀྱི་བ་དང་མ།།
155b2 དེ་བཞིན་སྐྱབས་དང་དཔུང་གཉེན་གང་ཡིན་པ།། ཐུབ་པ་དེ་ནི་དེ་རིང་མྱ་ངན་འདའ།། ཟུག་རྔུ་འབྱིན་མཛད་སྡིག་མེད་ཉོན་མོངས་མེད།། གསོ་མཛད་དམ་པ་སྨན་པ་ཆེན་པོ་སྟེ།། མི་དགེའི་ཟུག་རྔུ་འབྱིན་མཆོགག
155b3 ཡིན་པ། ། ཐུབ་པ་དེ་ནི་དེ་རིང་མྱ་ངན་འདའ།། གང་ཞིག་སེམས་ཅན་ཆགས་དང་སྡང་བས་བཅོམ།། རྨོངས་པས་ཟིལ་ནོན་རྒ་དང་འཆིལ་ཆགས།། འགགས་འགལ་ལམ་ལོ་གཞུགས་པ་གཟིགས་ནས་ནི།། འཇིག་རྟེན
155b4 ཐུགས་རྗེ་སྐྱེད་ནས་ཆོས་སྟོན་ཅིང་། ། གང་ཞིག་བདུད་སྡེ་རབ་གཏུམ་དྲག་པོའི་གཟུགས།། སྣ་ཚོགས་གཟུགས་ཅན་མཚོན་སྲ་རྡོ་རྗེ་ཐོགས།། ཁ་ཅིག་འཇིགས་པ་དུ་མ་རྣམས་སྟོན་ཅིང་།། གཞན་དག་སྣ་ཚོགས
155b5 བྲག་ཐོགས་འཁོད་གྱུར་པ། ། དེ་འདྲར་རྣམ་མང་དྲག་པོའི་གཟུགས་ཅན་གྱི།། སྡེ་དག་གཟིགས་ཀྱང་མི་གཡོ་མི་འགུལ་བ།། བདུད་ཀྱི་སྡེ་བཅོམ་འཇིག་རྟེན་མགོན་པོ་དེ།། སཱ་ལའི་ཚལ་དུ་དེ་རིང་མྱ་ངན་འདའ།། གང
155b6 གིས་ཕྱག་གཡས་རབ་ཏུ་བརྐྱང་མཛད་དེ། ། རི་རབ་རྩེ་འདི་གྲོང་བཅས་གཡོ་མཛད་ཅིང་།། ཆོས་ཀུན་མངའ་བརྙེས་རྣམ་འདྲེན་དྲང་སྲོང་དེ།། སཱ་ལའི་ཚལ་དུ་མྱ་ངན་འདའ་བར་འགྱུར།། གང་གིས་བརྡབས་པ་ཕྱོགས
155b7 བཅུར་བསམ་ཡས་པའི། ། སྒྲ་བསྒྲགས་མཁྱེན་པའི་ཕ་རོལ་བྱོན་གྱུར་པ།། སྟོན་པ་སེམས་ཅན་རྣམས་ཀྱི་སྙིང་པོ་དེ།། སཱ་ལའི་ཚལ་དུ་དེ་རིང་མྱ་ངན་འདའ།། གང་གིས་སྟོབས་ལྡན་སྔར་བཅས་སྐྲག་མཛད་ཅིང་།། མི
155b8 གཡོ་མྱ་ངན་མེད་པ་འདུས་མ་བྱས་པ་བརྙེས། ། སྲོག་ཆགས་རྣམས་ལ་ཕན་ཕྱིར་འཁོར་ལོ་བསྐོར་མཛད་ཅིང་།། ཐུབ་པས་བདེན་པ་བཞི་དག་རབ་ཏུ་བསྟན།། གང་ཞིག་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་སྟེ།། སྐྲ་རྩེའི་བྱོན་ལ།




iiif viewer powered by OpenSeadragon

155a - 156a

Texts on this page

Q804 - 'phags pa khye'u bzhi'i ting nge 'dzin zhes bya ba theg pa chen po'i mdo