| | e-texts navigator
|
154b1 མི་མཆོག་བསྐལ་པར་བཞུགས་སུ་གསོལ།། འཁོར་བཞིའི་ནང་དུ་མཆིས་ནས་ནི།། སྟོན་པ་མྱ་ངན་འདའ་འགྱུར་ཞེས།། ཇི་ལྟར་བརྗོད་བགྱི་མི་ཡི་མཆོག། ཐུབ་ཆེན་བསྐལ་བར་བཞུགས་སུ་གསོལ།། སྒྲོན་མཆེན
154b2 པོའཇིག་རྟེན་དུ། ། ཤིན་དུ་མྱུར་བར་ནུབ་འགྱུར་ཏེ།། འཇིག་རྟེན་འདི་དག་རབ་མྱུར་བར།། ལྡོངས་པ་ཉིད་དུ་འགྱུར་ལགས་སོ།། མི་མཆོག་བདག་ནི་གཡར་ངན་འདི།། དགེ་སློང་རྣམས་ལ་སྥར་མི་སྤྲོ།། གང་ལག་ཡང་།
154b3 མ་མཆིས་པ།། གཞན་ཞིག་མངག་པར་བཀའ་སྩལ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། གོའུ་ཏ་མའི་བུ་འདུ་བྱེད་ཐམས་ཅད་མི་རྟག་པ་ཡིན་གྱིས་མྱ་ངན་མ་བྱེད་པར་ཐོང་ཤིག།། དེ་ནས་བཅོམ་ལྡན་འདས
154b4 ཀྱིས་དེའི་ཚེ་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བྱར་ཚིགས་སུ་བཅད་དེ་བཀའ་སྩལ་པ། ། བྱེ་བ་མཐའ་ཡས་ལྷ་རྣམས་ཀྱིས།། དེ་རིང་སངས་རྒྱས་འདའ་ཐོས་ནས།། གཞལ་མེད་ཁང་དག་སྤངས་ནས་ནི།། མྱ་ངན་བྱེད་ཅིང་རྩེ
154b5 སྔགས་འདོན། ། ང་འདས་ཕྱི་ན་དགེ་སློང་དག། མ་མཐོང་མྱ་ངན་བྱེད་མ་གཞུག། འདི་ནི་རིམ་འགྲེ་བྱེད་པའི་ལས།། སོང་ལ་དགེ་སློང་རྣམས་ཀྱང་སྒྲོན།། དེའི་ཚེ་ན་ཚེ་དང་ལྡན་པ་མ་འགགས་པ་རི་རབ་ཀྱི་སྤོ་ལ་སུམ་བཅུ
154b6 གསུམ་པའི་ལྷ་རྣམས་ལ་ཆོས་སྟོན་ཅིང་འདུག་གོ། ། ཚེ་དང་ལྡན་པ་མ་འགགས་པས་ལྷའི་མིག་རྣམ་པར་དག་པ་མེ་ལས་ཤིན་དུ་འདས་པས་ལྷའི་བུ་དབང་ཆེ་བ་དབང་ཆེ་བར་གྲགས་པ་རྣམས་རང་རང་གི་གཞལ་མེད་ཁང
154b7 དག་ནས་མི་སྣང་བར་གྱུར་པ་མཐོང་ཞིང་ལྷ་རྣམས་ཀྱི་སྨྲེ་སྔགས་འདོན་པའི་སྒྲ་ཆེན་པོ་དག་ཀྱང་ཐོས། ། རང་གི་འཁོར་རྣམས་ཀྱང་སྲབས་པར་མཐོང་ངོ་།། དེ་ནས་ཚེ་དང་ལྡན་པ་མ་འགགས་པས་དེའི་ཚེ་བསམས་ཏེ། ལྷའི་མི།
154b8 གིས་ལྷའི་བུ་འཁོར་དང་བཅས་པ་དེ་དག་ཡི་ཆད་ཅིང་རང་རང་གི་འདོད་པའི་དགའ་བ་དག་སྤངས་ཏེ། རངེས་པ་ངེས་པར་གང་དུ་དོང་ཞིང་འདོད་པར་བྱེད་ཅེས་འཇིག་རྟེན་ལ་རྣམ་པར་བལྟས་སོ།། དེ་ནས་ཚེ་དང་ལྡན་པ་མ་འགགས་པས
iiif viewer powered by OpenSeadragon
154a - 155a