| | e-texts navigator
|
154a1 དགེ་སློང་རྣམས་ལ་དེ་ཡང་བཤད།། ཀུན་དགའ་ཆུར་ཤོག་ཁྱོད་སོང་ལ།། ངའི་ཉེན་ཐོས་རྣམས་ལ་སྤྲོས།། ལྷའི་མིག་གི་མཐར་ཕྱིན་པ།། གནས་བརྟན་ཆེན་པོ་མ་འགགས་དང་།། གནས་བརྟན་ཆེན་པོ་ཀཏ།
154a2 ཊ། གནས་བརྟན་གང་པོ་རབ་འབྱོར་དང་།། གསུམ་པ་ཆེན་ཆེན་པོ་དང་།། བ.ལང་བང་ག་དང་དགའ་བྱེད་དང་།། ཕྲི་ནན་དོན་ཡོད་རྒྱལ་པོ་དང་།། ཆོས་གོས་ངན་པའ་ཆང་བ་དང་།། དགའ་བོ་དང་ནི་སྒྲ་གཅན་པ་ཟང།
154a3 ཉན་ཐོས་གཞན་རྣམས་དང་།། སློབ་དང་མི་སློབ་གནས་བརྟན་དང་།། གཞན་ཡང་སོ་སོའི་སྐྱེ་བོ་དག། ང་ནི་མྱ་ངན་འདའ་འགྱུར་གྱིས།། ཐམས་ཅད་ཤིན་ཏུ་མྱུར་བར་སྦྲོན།། སློབ་དང་སོ་སོའི་སྐྱེ་བོ་ཡིས།། མ་མཐོང
154a4 སྡུག་བསྔལ་སྐྱེ་འགྱུར་བས། ། མྱ་ངན་འདས་པའི་འོག་ཏུ་ནི།། མྱ་ངན་ཟུག་རྔུས་གཟིར་མི་བྱ།། མྱ་ངན་མ་བྱེད་འདུ་བྱེད་རྣམས།། མི་རྟག་རྨི་ལམ་ལྟ་བུ་ཞེས།། ཇི་ལྟར་ཆོས་ཀྱི་ཆོས་ཉིད་ཀྱིས།། དེ་དག་རྣམས་ནི་དབུགས
154a5 དབྱུང་བྱ། ། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་སླར་ཚིགས་སུ་བཅད་དེ་གསོལ་པ། མགོན་པོ་སངས་རྒྱས་མྱ་ངན་ལས།། འདའ་བར་འགྱུར་བར་ཐོས་ནས་བདག།
154a6 ཕྱོགས་བསླང་བདག་གི་ལུས་རྨ་ཞིང་།། བདག་ནི་གཡར་ངན་ཤིན་དུ་ཆེ།། ལུས་ཉམས་བདེ་བ་མ་མཆིས་ཤིང་།། སེམས་ཉམས་བདེ་བའང་མ་མཆིས་ལ།། ཆགས་བྲལ་ཉམས་བདེའང་མ་མཆིས་ན།། སྤྱན
154a7 ལྡན་བདག་ནི་ཇི་ལྟར་མཆི། ། བདག་གི་སྐྱབས་དང་དཔུང་གཉེན་དང་།། འཇིག་རྟེན་རྣམ་འདྲེན་གང་ལགས་པ།། དེང་མཐོང་སླད་ཀྱིས་མི་མཐོང་ཞེས།། གནས་བརྟན་རྣམས་ལ་ཇི་སྐད་བགྱི།། མྱ་ངན་གྱུར་ཅིང་སྡུག
154a8 བསྔལ་བས། ། ཇི་ལྟར་མྱ་ངན་བརྗོད་པར་བགྱི།། བདག་ཅག་རྣམས་ཀྱིས་འཇིག་ཆེན་འདི།། གནས་བརྟན་དེ་དག་ཇི་ལྟར་ཉན།། གང་དག་སློབ་དང་སྐྱེ་བོ་ཡི།། དགེ་སློང་མྱ་ངན་ཟུག་རྔུ་ཡིས།། ཀུན་ནས་ཟུག་པ་ཇི་ལྟར་གནས།།
iiif viewer powered by OpenSeadragon
153b - 154b