| | e-texts navigator
|
127b1 པ་དང་། སྟོན་པར་བྱེད་པ་དེ་སྲིད་དུ་སངས་རྒྱས་མཐོང་བ་དང་འབྲལ་བར་མི་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བ་དེ་བཞིན་གཤེགས་པ་ནི་གཟུགས་དང་། མཚན་དང་། དཔེ་བྱད་དུ་བལྟ་བ་མ་ཡིན་ཏེ། ཀུན་དགའ་བོ་ཇི་སྲིད་དུ་ཇི་སྐད་བསྟན
127b2 པའི་ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་འདི་དག་མཐོང་བ་དེ་ཉིད་སངས་རྒྱས་མཐོང་བ་ཡིན་པའི་ཕྱིར་རོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། འཇམ་དཔལ་གཞོན་ནུར་གྱུར་པ་དང་། བྱང་ཆུབ་སེམས་དཔའ་སྲེད་མེད
127b3 ཀྱི་བུ་དང་། ཚན་པོ་ཆེ་ཆེན་པོ་དྲི་མ་མེདེ་པའི་གཟི་བརྗིད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་འདུན་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་ལྷའི་བུ་མང་པོ་དེ་དག་དང་། ལྷ་དང་། མི་དང་།
127b4 ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །། འཕགས་པ་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ
127b5 རྫོགས་སོ། ། །། རྒྱ་ག་གྱི་མཁན་པོ་པྲ་ཛཱཛྭ་ཝརྦ་དང་། ཤཱི་ལེན་དྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙྪབ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ནུས་ཏེ་གཏན་ལ་ཕབ་པ།། ། བོད་སྐད་དུ། རྡོ་རྗེའི་ཏིང་ངེ་འཛིན་གྱི་ཆོས་ཀྱི་ཡིགེ
127b6 བམ་པོ་བླ་མ་རྡོ་རྗེའི་ཏིང་ངེ་འཛིན་གྱི་ཆོས་ཀྱི་ཡི་གེ་ལེའུ་གཅིག་སྟེ། མགོ་མནན་གླེང་གཞིའི་ལེའུའོ།། འདི་བཞིན་བདག་གིས་ཐོས་པ་དུས་གཅིག་ན། སངས་རྒྱས་རྒྱལ་པོའི་མོ་མཁར་རི་ལ་དགེ་སློང་གི་དགེ་འདུན་ཆེན་པོ་ཁྲི་ཕྲག་གཅིག
127b7 དང་ལྷན་ཅིག་སྟེ། ཀུན་ཀྱང་དགྲ་བཅོམ་པའི་ལམ་ཐོབ་པ་དེའི་མིང་ལ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་དང་། རབ་འབྱོར་དང་། དེ་ལྟ་བུ་ལ་སོགས་པ་དང་། ཡང་དགྲ་བཅོམ་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ
127b8 ཉིས་སྟོང་དང་ལྷན་ཅིག་སྟེ། དེའི་མིང་ལ་གྲོལ་ཐར་དེང་། བྱང་ཆུབ་སེམས་དཔའ་སེམས་ཀྱི་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་ཆགས་མེད་དང་། བྱང་ཆུབ་སེམས་དཔའ་དེ་ལྟ་བུ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དང་། ཡང
iiif viewer powered by OpenSeadragon
127a - 128a