e-texts navigator
Collection
Volume
Page
Wylie

7a1 ཤིན་ཏུ་སྡུག་བསྔལ་བར་གྱུར་ཏོ། ། དེ་བཞིན་དུ་དགེ་བསྙེན་དེ་དག་ཐམས་ཅད་མཆོག་ཏུ་སྡུག་བསྔལ་བར་གྱུར་པ་ལས་ལངས་ཏེ། རང་རང་གི་མཆོད་པའི་ཡོ་བྱད་རྣམས་བསྡུས་ནས་ཕྱོགས་གཅིག་ཏུ
7a2 འཁོད་དོ། ། གཞན་ཡང་དེའི་ཚེ་བསླབ་པའི་གཞི་ལྔ་བླངས་ཤིང་ཚུལ་ཁྲིམས་དང་ཆོ་ག་དང་ཡོན་ཏན་དང་ལྡན་པ་དང་དམ་པའི་ཆོས་ཀྱི་གཅེས་པ་འཛིན་པའི་དགེ་བསྙེན་མཚོང་དཔོན་གྱི་བུ་མོ་འཚོ་བའི་དཔལ་ལ་སོགས་པ་དགེ
7a3 བསྙེན་མ་གང་གཱའི་ཀླུང་གསུམ་གྱི་བྱེ་མ་སྙེད་ཐམས་ཅད་ཀྱང་བུད་མེད་ཀྱི་གཟུགས་ཀྱིས་སེམས་ཅན་བྱེ་བ་ཕྲག་མང་པོ་ངེས་པར་སྒྲོལ་བ། ཁྱིམ་གྱི་གནས་ལ་སྨོད་པ་ཤ་སྟག་སྟེ། ལུས་འདི་ནི་ཉེས་པའི་ཁམས་བརྒྱད་བཅུ
7a4 རྩ་བཞི་ལས་ལྷག་པས་བསྡུས་པའོ། ། ལུས་འདི་ནི་སྲིན་བུའི་རིགས་བྱེ་བ་ཕྲག་བརྒྱད་བཅུ་རྩ་བཞིའི་ཟས་སོ།། ལུས་འདི་ནི་རྒྱལ་པོའི་ཁྲི་མོན་དུ་བྲུབས་པའི་དྲི་མ་མནམ་པའོ།། ལུས་འདི་ནི་ཁྱི་རོ་རུལ་བའི་དྲི་བམ་གྱིས
7a5 ལྷག་པར་སྦགས་པའོ། ། ལུས་འདི་ནི་སྒོ་དགུ་ནས་མི་གཙང་བ་འཛག་པའོ།། ལུས་འདི་ནི་ཤ་དང་ཆུབ་དང་རུས་པ་དང་ཁྲག་དང་ལྤགས་པའི་ཞལ་ཞལ་ཅན་རྐང་ལག་གི་ཕྱི་སྒོ་དང་ར་བ་དང་བ་གམ་ཅན། མིག་གི་སྐར་ཁུང
7a6 ཅན། མགོ་བོའི་ཡང་ཏོག་ཅན། ཡིད་རྒྱལ་པོ་ལྟ་བུའི་ཕོ་བྲང་གྲོང་ཁྱེར་ལྟ་བུའོ།། ལུས་འདི་ནི་མཁས་པ་ཐམས་ཅད་ཀྱིས་སྤངས་ཤིང་བྱིས་པའི་སྐྱེ་བོ་དགའ་བར་བྱེད་པའི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སོག
7a7 པའི་ཉོན་མོངས་པ་བྱེ་བ་སྐྱེད་ཀྱི་སྲིན་པོས་བརྟེན་པ། འདམ་བུ་དང་ཨེ་རན་ཌ་དང་དབུ་བ་དང་ཆུ་ཤིང་ལྟ་བུར་སྙིང་པོ་མེད་པ། གློག་དང་རི་གཟར་པོའི་འབབ་ཆུའི་དཔའ་རླབས་ལྟར་ཤིན་དུ་མི་བརྟན་པའོ།། སྒྱུ་མ་དང་སྨིག
7a8 རྒྱུ་དང་བྲག་ཆ་དང་ཟླ་བའི་གཟུགས་བརྙན་ལྟར་སླུ་བར་བྱེད་པ། རླུང་ཤུགས་དྲག་པོས་རྣམ་པར་དཀྲུགས་པའི་ཆུའི་ཤུགས་ཀྱིས་བརྐོས་པའི་འགྲམ་གྱི་སྡོང་པོ་ལྟར་གཡངས་ན་འདུག་པའི་ཆོས་ཅན། སྤྱད་ཀི




iiif viewer powered by OpenSeadragon

6b - 7b

Texts on this page

Q788 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo