e-texts navigator
Collection
Volume
Page
Wylie

5b1 ཤ་སྟག་ཁྱེར་རོ། ། ལྔ་ལྡི་ཆེན་པོ་རྣམས་ཀྱི་མདུན་དུ་ཡང་བྱང་ཆུབ་སེམས་དཔའི་སྐྱེས་པའི་ཡས་ཀྱི་སྤྱོད་པ་རི་མོར་བྲིས་པ་ཆེན་པོ་དག་ཐོགས་སོ།། རི་མོའི་གཟུགས་རེ་རེའི་ཀློ་གཡས་གཡོན་ནས་ཀྱང་། ཟློས་གར་གྱི་གང་ཐབས
5b2 ཡུལ་དབུས་ནས་བྱུང་བ་རྣམ་པ་སྣ་ཚོགས་བྱེད་དེ། གར་ཐབས་བྱེད་པ་དེའི་ནང་ན་སིལ་སྙན་རིན་པོ་ཆེ་ལས་བྱས་པའི་རྫ་རྔ་དང་ཁར་རྔ་དང་རྔ་ཟླུམ་དང་བཱི་བང་དང་གླང་བུ་དང་པི་བང་རྒྱུད་གཅིག་པ་དང་རྔ་བོ་ཆེ་དང་དུང
5b3 ལ་སོགས་པ་དག་བརྡུང་ཞིང་འབུད་དོ། ། གར་ཐབས་ཀྱི་སིལ་སྙན་དེ་དག་ལས་ཀྱང་ཀྱེ་མ་འཇིག་རྟེན་སྟོངས་པར་འགྱུར་རོ་ཞེས་བྱ་བ་དེ་ལྟ་བུའི་རྣམ་པ་རྗོད་ཅིང་གདུང་གདུང་སྐད་དུ་དབྱངས་ལེན་ཏོ།། གར་ཐབས་ཀྱི
5b4 སིལ་སྙན་རེ་རེའི་མདུན་དུ་ཡང་མེ་ཏོག་དྲི་ཞིམ་པོ་སྣ་ཚོགས་རྣམ་པར་འཚེར་བ་རྣམས་ཀྱི་བྱེ་མས་རིན་པོ་ཆེའི་སྐོན་བུ་ལེགས་པར་བཅས་པ་གཞོན་ཤ་ཅན་དག་བཀང་བ་ཤ་སྟག་དང་། དེ་མ་ཡིན་པའི་སྐོན་བུ་མང་པོ
5b5 བལྟ་ན་སྡུག་པ། གུར་གུམ་གྱི་ཕྱེ་མས་བཀང་བ་ཤ་སྟག་ཐོགས་སོ།། དེ་དག་གི་མདུན་དུ་ཡང་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་གྱི་འཁོར་དང་བཅས་པ་ཁྱབ་པར་འགྱུར་བའི་ཞལ་ཟས་དག་ཁྱེར་ཞིང་འདོད།
5b6 དོ།། ཞལ་ཟས་དེ་དག་ཀྱང་བུད་ཤིང་ཙན་དན་དམར་པོ་དང་ཨ་ག་རུ་དང་ཐང་ཤིང་གི་མེ་ཆུང་དུས་བཙོས་པ་དང་གང་གཱའི་ཀླུང་གི་ཆུས་བཙོས་པ་ཤ་སྟག་སྟེ། སྐྱུར་བ་དང་ལན་ཚྭའི་རོ་དང་དང་ར་བ་དང་སྐ་བ་དང་ཚ་བ་དང་།
5b7 ཁ་བའི་རོ་དང་ལྡན་པ་མདངས་སྐྱེད་པ་ཕན་པར་འགྱུར་པ་ཤ་སྟག་གོ། ས་ལ་ཟུང་གི་དྲུང་གི་ཉེན་ཀོར་ཐམས་ཅད་ཀྱང་གསེར་གྱི་བྱེ་མ་འཇམ་པོས་བད་ལ་ཏི། ག་བུ་ཤའི་རས་དང་སྣམ་བུ་དང་བཙོས་སྣམ་དང་དྲེའུ
5b8 རྔོག་དང་ཀ་ལིང་ཀའི་རས་དང་ཟབ་དར་འཇམ་ཞིང་མདོག་དཀར་བ་རྣམས་ཀྱང་བཏིང་ངོ་། ། གྲུབ་པའི་གནས་དེའི་གཞི་དཔག་ཚད་སུམ་བཅུ་རྩ་གཉིས་ཁོ་ར་ཁོར་ཡུག་ཀྱང་གུར་གུམ་གྱིས་བྱུགས་སོ།། བཅོམ་ལྡན




iiif viewer powered by OpenSeadragon

5a - 6a

Texts on this page

Q788 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo