| | e-texts navigator
|
4b1 ཀྱང་གཞན་དག་ལ་བསྟན་པར་བྱའོ་སྙམ་དུ་དམ་བཅས་ཤིང་ཚུལ་ཁྲིམས་བླངས་པ། ཐེག་པ་ཆེན་པོས་སྐོམ་ལ་ངོམས་ནས་ཀྱང་གཞན་སྐོམ་པ་དག་ངོམས་པར་བྱའོ་སྙམ་དུ་དམ་བཅས་པ་ཐེག་པ་ཆེན་པོ་ལ་སྲེད་པ། ཐེག་པ་ཆེན
4b2 པོ་ལ་སེར་སྣ་མེད་པ་འཇིག་རྟེན་ཐམས་ཅད་དང་འཐུན་པར་བྱེད་ནུས་པ་ཤ་སྟག་དང་བདག་ཅག་རྒལ་ནས་གཞན་བསྒྲལ་བར་བྱའོ། ། བདག་ཅག་གྲོལ་ནས་གཞན་དགྲོལ་བར་བྱའོ།། དཀོན་མཆོག་གསུམ་གྱི་གདུང་མེ
4b3 འཆདང་པར་བྱའོ། ། ཆོས་ཀྱི་འཁོར་ལོ་བསྐོར་བར་བྱའོ་སྙམ་དུ་སློབ་པར་འདོད་པ། གོ་ཆ་ཆེན་པོ་བགོས་པ་བསླབ་པ་རྣམས་ལ་སེམས་གུས་པ་དང་། དེ་བཞིན་དུ་ཡོན་ཏན་གྲངས་མེད་པ་དང་ལྡན་པ། བུ་གཅིག་པ་ལ་བྱ་བ
4b4 བཞིན་དུ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དང་ལྡན་པ་ཤ་སྟག་སྟེ། དེ་དག་ཀྱང་ཉི་མ་འཆར་ཀར་དེ་བཞིན་གཤེགས་པའི་གདུང་ཞུགས་ལ་བཞེན་པའི་ཕྱིར་རེ་རེས་ཀྱང་ཙན་དན་དང་ཨ་ག་རུ་དང་ཐང་ཤིང་གི་མཆོག་དང
4b5 ཙན་ད་ནས་མཆོག་པའི་བུད་ཤིང་རྣམས་དང་ཡམ་སྲེག་ཤིང་དྲི་བསུང་དང་ལྡན་པ་ཡོན་ཏན་ཅན་ལྔ་སྟོང་ལྔ་སྟོང་ཁྱེར་ཏེ་འོངས་སོ། ། ད་ལ་ཡམ་སྲེག་ཤིང་སྣ་རེ་ཞིང་ཡང་གསེར་གྱི་སྐུད་པ་རིན་པོ་ཆེ་སྣ་བདུན་རིགས
4b6 བདུན་དང་ལྡན་པས་སྤྲས་པས་དཀྲིས་པ། རི་མོ་ལ་བྲིས་པ་ཁོ་ན་བཞིན་དུ་འདུག་པ། རང་བཞིན་གྱིས་གཞོན་ཤ་ཅན་ལེགས་པར་བཅོས་པ་ཤ་སྟག་སྟེ། སྔ་རེ་ཞིང་ཡང་འོད་རྣམ་པ་སྣ་ཚོགས་དང་ལྡན་པའི
4b7 ཕུང་པོ་ཆེན་པོ། མདོག་སྔོ་བ་དང་བར་བར་ཁ་ཅིག་དུ་མདོག་དཀར་ཁ་ཅིག་དུ་སྔོ་སྐྱ་ཁ་ཅིག་དུ་རྩ་དམར་ཁ་ཅིག་དུ་སེར་བ་མིག་རུ་སྡུག་པར་བྱས་པ་ཤ་སྟག་གོ།། བམ་པོ་རེ་རེའི་གཡོགས་མའི་ཕྱར་བུ་ཡང་རིན་པོ་ཆེ་སྣ་བདུན
4b8 ལས་བྱས་པ་ཤ་སྟག་གོ། ཆིངས་མའི་ཐེ་གུ་མང་པོ་རེ་རེ་ཞིང་ཡང་ལྡོང་རོས་ཀྱི་མདོག་ལྟ་བུ་དང་ཟར་མེའི་མེ་ཏོག་གི་མདོག་ལྟ་བུ་དང་སྔོན་པོ་དང་སེར་པོ་རྣམས་ཀྱིས་བར་བར་དུ་སྤེལ་བ་ཤ་སྟག་གོ། དེ་ལ་ཆིངས་མའི་ཐེ་གུ
iiif viewer powered by OpenSeadragon
4a - 5a