e-texts navigator
Collection
Volume
Page
Wylie

4a1 ཅད་ལ་སྙོམས་པར་ལྟ་བ་ཤ་སྟག་སྟེ། དེ་དག་ཐམས་ཅད་སྔ་དྲོའི་ཉི་མ་འཆང་ཀར་ཡན་ལག་ཐམས་ཅད་ཀྱི་བ་སྤུ་རྒྱ་སྐྱེགས་ཀྱི་ཤིང་གི་མེ་ཏོག་ལྟར་རྩ་དམར་བ་ནི་ལངས། མིག་ནི་མཆི་མ་ཁྲག་ལྟ་བུས་གང
4a2 སྟེ། མཆོག་ཏུ་སྡུག་བསྔལ་བའི་ཚོར་བ་དང་ལྡན་ནས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་དང་སྙིང་བརྩེ་བའི་ཕྱིར་དང་གདུལ་བར་བྱ་བའི་དབང་གི་དོན་དུ། ཐེག་པ་ཆེན་པོའི་མཆོག་དུ་གསང་བ་སྟོང་པ་ཉིད་ཀྱི་རྣམ་པ
4a3 དགོངས་པའི་ཚིག་རྣམ་པ་སྣ་ཚོགས་ཀྱི་སྒོའི་ཚུལ་བཤད་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན
4a4 འབུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་ཕྱོགས་གཅིག་ཏུ་འཁོད་དོ།། ཡང་དེའི་ཚེ་བསླབ་པའི་གཞི་ལྔ་བླངས་ཤིང་། ཚུལ་ཁྲིམས་དང་ཚིག་དང་ཡོན་ཏན་དང་ལྡན་པའི
4a5 དགེ་བསྙེན་འོད་དྲི་མ་མེད་པར་གྲགས་པའི་རྒྱལ་པོ་ལ་སོགས་པ་དགེ་སྙེན་གང་གཱའི་ཀླུང་གཉིས་ཀྱི་བྱེ་མ་སྙེད་ཐམས་ཅད་ཀྱང་ཟུང་དང་ཟུང་དུ་ཤེས་པར་འདོད་པ་ཤ་སྟག་སྟེ། སྡུག་བསྔལ་བ་དང་བདེ་བ་དང་རྟག་པ་དང་མི་རྟག
4a6 པ་དང་བདག་ཡོད་པ་དང་བདག་མེད་པ་དང་སྟོང་པ་དང་སྟོང་པ་མ་ཡིན་པ་དང་། དེ་ཁོ་ན་དང་དེ་ཁོ་ན་མ་ཡིན་པ་དང་སྐྱབས་དང་སྐྱབས་མ་ཡིན་པ་དང་སེམས་ཅན་དང་སེམས་ཅན་མེད་པ་དང་བརྟན་པ་དང་བརྟན་པ་མ་ཡིན་པ་དང་།
4a7 ཞི་བ་དང་ཞི་བ་མ་ཡིན་པ་དང་འདུས་བྱས་དང་འདུས་མ་བྱས་དང་ཐེར་ཟུག་དང་ཐེར་ཟུག་མ་ཡིན་པ་དང་ཡོངས་སུ་མྱ་ངན་ལས་འདས་པ་དང་ཡོངས་སུ་མྱ་ངན་ལས་འདས་པ་མ་ཡིན་པ་ལ་སོགས་པའི་ཁྱད་པར་དང་བྱུང་བ།
4a8 དུ་འཕགས་པ་ཤེས་པར་འདོད་པ་ཤ་སྟག་སྟེ། འདི་ལྟ་སྟེ་དགེ་བསྙེན་འོད་དྲི་མ་མེད་པར་གྲགས་པའི་རྒྱལ་པོ་ཞེས་བྱ་བ་དང་། དགེ་བསྙེན་རབ་སྦྱིན་ལ་སོགས་པ་དགེ་བསྙེན་ཐེག་པ་ཆེན་པོ་ཐོས་པར་འདོད་ལ་ཐོས་ནས




iiif viewer powered by OpenSeadragon

3b - 4b

Texts on this page

Q788 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo