e-texts navigator
Collection
Volume
Page
Wylie

47b1 དང་། བརྟན་པ་དང་། ཐེར་ཟུག་པ་དང་། ཞི་བའོ་ཞེས་གཞན་དག་ལ་ཡང་བསྟན་པར་འཚལ་ན། རྡོ་ཛ་ལྟ་བུར་མི་ཤེགས་པའི་སྐུ་འདི་དེ་ལྟར་འགྲུབ་པར་འགྱུར་ལགས། སྐུ་འདི་ལྟ་བུར་རྒྱ་ཅིས་འགྲུབ་ལགས། བཅོམ་ལྡན
47b2 འདས་ཀྱིས་བཀའ་སྩལ་པ། ངའི་སྐུ་འདི་ལྟ་བུ་ནི་དམ་པའི་ཆོས་སྲུང་བའི་བསོད་ནམས་ལས་རྩུབ་བཔ་ཡིན་ནོ།། རིགས་ཀྱི་བུ་དམ་ཆོས་སྲུང་བའི་དགེ་བསྙེན་གྱིས་ནི་བསླབ་པའི་གཞི་ལྔ་བླང་བར་མི་བྱའོ།། དགེ་བསྙེན་གྱི་འདུལ
47b3 ཡང་སྡུད་པར་མི་བྱའོ། ། ཚུལ་ཁྲིམས་དང་། ཆོག་དང་ཡོན་ཏན་དང་ལྡན་པའི་དགེ་སློང་རྣམས་བསྲུང་བའི་ཕྱིར་མདའ་གཞུ་དང་། རལ་གྲི་དང་མདུང་ཐུང་ཁ་ལེག་ལག་ཏུ་ཐོགས་པར་བྱའོ།། གསོལ་པ། དགེ་སློང་དག་ལས་སྲུངས
47b4 མ་ཨ་དང་ལྷན་གཅིག་མི་འཁོད་པར་གཅིག་པུ་ཤིང་དྲུང་དུ་སྟན་བཏིང་བ་ལ་མཆིས་པ་གང་ལགས་པ་དེ་དག་ནི་དགེ་སློང་ཞེས་བགྱི་བ་ལགས་པས་སྲུངས་མ་དང་ལྷན་ཅིག་འཁོད་པ་གང་ལགས་པ་དེ་དག་ནི་ཁྱིམ་བདག་མགོ་རེག
47b5 ཅེས་བགྱི་བ་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱིམ་བདག་མགོ་རེག་ཅེས་དེ་སྐད་མ་ཟེར་ཅིག། འདི་ན་དགེ་སློང་ལ་ལམ་ལ་སྟན་སར་བ་ལ་འདུག་ཅིང་དེ་ཟན་ཟོས་ནས་གཅིག་པུ་ཕྱོགས
47b6 གཅིག་ན་མི་སྨྲ་བར་འདུག་སྟེ། བསམ་གཏན་བྱེད་ལ་ལུས་ཀྱི་རང་བཞིན་ལ་ཡང་ལྟ་བར་བྱེད་དོ།། སེམས་ཅན་འོངས་པ་རྣམས་ལ་ཡང་སྦྱིན་པའི་གཏམ་དང་། ཚུལ་ཁྲིམས་ཀྱི་གཏམ་དང་། བསོད་ནམས་ཀྱི་གཏམ་དང་། བསོད
47b7 ནམས་ཀྱི་རྣམ་པར་སྨིན་པའི་གཏམ་དང་། ཆོག་ཤེས་པ་དང་བསྲུང་བའི་ཆོས་སྟོན་ལ། སེང་གེའི་སྒྲ་སྒྲོགས་པར་ཡང་མི་བྱེད། སོང་གེ་ལྟ་བུའི་འཁོར་ཡང་མི་འཆང་། རྟགས་ཅན་འཚལ་པ་ཚར་བཅད་པའི་ཕྱིར་ཡང
47b8 སྟོན་པར་མི་བྱེད་པའི་དགེ་སློང་དེ་ནི་སྐྱེ་བོ་ཐམས་ཅད་ལ་ཕན་པའི་ཕྱིར་ཞུགས་པ་ཡང་མ་ཡིན། བདག་ལ་ཕན་པའི་ཕྱིར་ཞུགས་པ་ཡང་མ་ཡིན་ཏེ། ཉོན་མོངས་པ་ཞན་པ་ཡིན་པས་ཚུལ་ཁྲིམས་དང་ལྡན་པ་ཚངས་པར་སྤྱོད




iiif viewer powered by OpenSeadragon

47a - 48a

Texts on this page

Q788 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo