| | e-texts navigator
|
40b1 རྣམས་ཚར་གཅོད་པ་དང་བསྐྲད་པར་བྱ་བའི་ཕྱིར་གནོད་སྦྱིན་གྱི་རྒྱལ་པོ་ལག་ན་རྡོ་རྗེས་དེ་ལྟར་བསྟན་པར་ཟད་ཀྱི། དམ་པའི་ཆོས་སུན་ཕྱུང་ཡང་རུང་འདོད་ཆེན་པོ་ཡང་རུང་སྟེ་གསང་དུ་མི་རུང་ངོ་།། རྒྱུ་སྩོགས་པའི་སྲོག་གཅོད་པ།
40b2 ནིབྱེད་མི་ཕོང་ངོ་།། རིགས་ཀྱི་བུ་གཞན་ཡང་ཇི་ལྟར་རྒྱལ་པོ་འམ། བློན་པོ་ཆེན་པོ་དག་དམ་པའི་ཆོས་སུན་འབྱིན་པ་བརླག་པར་བྱེད་པ་དེ་བཞིན་དུང་ནི་བརླག་པར་བྱ་ཞེས་མི་ཟེར་མོད་ཀྱི་དེ་དག་ཉིད་ཀྱི་ཆོས་མ་ཡིན་པའི་འབྲས།
40b3 བུ་མངོན་སུམ་དུ་སྨིན་པར་ཟད་དོ།། དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པ་ནི་དེ་རྣམས་ཀྱི་དོན་དུ་མི་འཇིགས་པ་སྦྱིན་ཞིང་འོད་ཟེར་གཅིག་གམ་གཉིས་གཏོང་བར་མཛད་དོ།། གལ་ཏེ་འོད་ཟེར་དེས་དེ་དག་ལ་མ་པོག་ན་ནི
40b4 འཆི་བར་འགྱུར་ཏེ་དེར་དེ་བཞིན་གཤེགས་པས་ཅི་བྱར་ཡང་མེད་དོ། ། རིགས་ཀྱི་བུ་གཞན་ཡང་གལ་ཏེ་ཁྱོད་ཀྱིས་བརྟག་དཀའ་བ་བལྟ་བར་ནུས་པ་ལྟ་ན་ངས་ཁྱོད་ལ་རྒྱུ་གཞན་ཡང་བསྟན་པར་བྱ་སྟེ། ཡུལ་སོ་སོ་ན་ཚུལ
40b5 ཁྲིམས་དང་ཆོ་ག་དང་ཡོན་ཏན་རྣམས་ཐ་དད་པར་ཡོད་ལ། དེར་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་དགེ་སློང་དག་དམ་པའི་ཆོས་ཁོལ་དུ་འབྱིན་པར་འདོད་པ་ལ་རྒྱལ་པོས་སྟོན་པ་མེད་པའི
40b6 ཕྱིར་གནོད་པ་བྱེད་པ་ལས་རྒྱལ་པོ་དེ་རྒྱལ་པོ་གཞན་གྱིས་བཟློག་སྟེ་དེས་མཐུ་ཆུང་བར་བྱས་ནས་རྒྱལ་པོ་དེ་ཆོས་ལ་གནས་པར་གྱུར་ན། རྒྱལ་པོ་གཅིག་ཤོས་དེ་ལ་བསོད་ནམས་ཆེན་པོར་འགྱུར་ཞེས་དེ་སྨྲའོ།། དེ་ཅིའི
40b7 ཕྱིར་ཞེ་ན། རྒྱལ་པོ་གཅིག་ཤོས་ཀྱི་ཉེས་པ་ཆེན་པོའི་གཞི་ཞི་བར་བྱེད་པའི་ཕྱིར་རོ།། རིགས་ཀྱི་བུ་གཞན་ཡང་དཔེར་ན་ཞིང་དམ་ཁྱིམ་དུ་དྲུག་ཤིང་ངམ་སྟེ་ལོང་སྐྱེས་ན་རྩ་ནས་དབྱུང་དགོས་པ་དེ་བཞིན་དུ་ཚུལ་ཁྲིམས་འཆལ
40b8 པ་རྣམས་དང་། དམ་པའི་ཆོས་སུན་འབྱིན་པ་རྣམས་བྲན་བཞིན་དུ་ཚར་གཅོད་པར་ངས་གནང་ངོ་།། གང་དག་དེ་རྣམས་ཚར་གཅོད་པར་མི་བྱེད་པ་དེ་དག་ནི་ངའི་བསྟན་པ་ལས་ཤིན་དུ་རིང་བ་ཡིན་ནོ།། གང་དག་དེ་རྣམས་ཚར
iiif viewer powered by OpenSeadragon
40a - 41a