| | e-texts navigator
|
3a1 པོ་ལྟ་བུའི་གཡོག་འཁོར་དང་ལྡན་པ་ཤ་སྟག་སྟེ། དེ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་དེ་དག་ཐམས་ཅད་སྔ་དྲོ་ཉི་མ་འཆར་ཀར་ཡན་ལག་ཐམས་ཅད་ཀྱི་པ་སྤུ་རྒྱ་སྐྱེགས་ཀྱི་ཤིང་གི་མེ་ཏོག་ལྟར
3a2 དམང་བ་ནི་ལངས། མིག་ནི་མཆི་མ་ཁྲག་ལྟ་བུས་གང་སྟེ། མཆོག་ཏུ་སྡུག་བསྔལ་བའི་ཚོར་བ་དང་ལྡན་ནས། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་དང་སྙིང་བརྩེ་བའི་ཕྱིར་དང་། གདུལ་བར་བྱ་བའི་དབང་གི་དོན་དུ་ཐེག་པ་ཆེན
3a3 པོའི་མཆོག་ཏུ་གསང་བ། སྟོང་པ་ཉིད་ཀྱི་རྣམ་པ་དགོངས་པའི་ཚིག་རྣམ་པ་སྣ་ཚོགས་ཀྱི་ཆོས་ཀྱི་སྒོའི་ཚུལ་བཤད་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས
3a4 ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་འབུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་ཕྱོགས་གཅིག་ཏུ་འཁོད་དོ།། དེའི་ཚེ་ཀོ་ཏ་ཀའི་བུ་མོ་རབ་བཟང་མ་ལ་སོགས་པ་དག
3a5 སློང་མ་བྱེ་བ་འབུམ་ཕྲག་དྲུག་ཐམས་ཅད་ཀྱང་། དགྲ་བཅོམ་པ་ཟག་པ་ཟད་པ། དབང་ཐོབ་པ། བྱ་བ་བྱས་པ་བྱེད་པ་བྱས་པ་ཁུར་བོར་བ། ཉོན་མོངས་པ་མེད་པ། གཙོ་མོ་ཆེན་མོ།། ཆེན་པོ་སྟོང་པ་ཉིད་ཀྱིས་རང་གི་དོན་ཐོབ་པ
3a6 ཤ་སྟག་སྟེ། འདི་ལྟ་སྟེ་ཀོ་ཏ་ཀའི་བུ་མོ་དགེ་སློང་མ་རབ་བཟང་མ་དང་དགེ་སློང་མཉེ་དགའ་མོ་དང་དགེ་སློང་མ་རྒྱ་མཚོ་བློ་གྲོས་དང་དེ་ལ་སོགས་པ་དགེ་སློང་མ་བྱེ་བ་འབུམ་ཕྲག་དྲུག་སྔ་དྲོ་ཉི་མ་འཆར་ཀར་ཡན་ལག་ཐམས་ཅད
3a7 ཀྱིབ་སྤུ་རྒྱ་སྐྱེགས་ཀྱི་ཤིང་གི་མེ་ཏོག་ལྟར་རྩ་དམར་བ་ནི་ལངས། མིག་ནི་མཆི་མ་ཁྲག་ལྟ་བུས་གང་སྟེ། མཆོག་ཏུ་སྡུག་བསྔལ་བའི་ཚོར་བ་དང་ལྡན་ནས། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་དང་སྙིང་བརྩེ་བའི
3a8 ཕྱིར་དང་གདུལ་བར་བྱ་བའི་དབང་གི་དོན་དུ་ཐེག་པ་ཆེན་པོའི་མཆོག་ཏུ་གསད་པ། སྟོང་པ་ཉིད་ཀྱི་རྣམ་པ་དགོངས་པའི་ཚིག་རྣམ་པ་སྣ་ཚོགས་ཀྱི་ཆོས་ཀྱི་སྒོའི་ཚུལ་བཤད་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ག་ལ་བ་དེར
iiif viewer powered by OpenSeadragon
2b - 3b