e-texts navigator
Collection
Volume
Page
Wylie

2b1 པ་ལས་ལྷག་པར་ཡང་བཞུགས་པར་གསོལ་བ་གདབ་བོ་ཞེས་ཟེར་ཏོ། ། གཅིག་ལ་གཅིག་འཇུས་ནས་འདི་སྐད་ཏུ། ཀྱེ་མ་འཇིག་རྟེན་སྟོངས་པར་འགྱུར་རོ།། ཀྱེ་མ་འཇིག་རྟེན་སྟོངས་པར་འགྱུར་རོ།། ཀྱེམ་སེམས་ཅན
2b2 རྣམས་ཀྱི་བསོད་ནམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ནི་ཟད་དོ། ། ལས་མི་བཟད་པ་ནི་བྱུང་ངོ་།། ཚེ་དང་ལྡན་པ་དག་སྒྱུར་ཅིག། ཚེ་དང་ལྡན་པ་དག་སྨྲར་ཅིག། དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས། དེང་གི
2b3 ཡུད་ཙམ་འདི་ལ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། ། ཀྱེ་མ་འཇིག་རྟེན་སྟོངས་པར་འགྱུར་རོ།། ཀྱེ་མི་འཇིག་རྟེན་སྟོངས་པར་འགྱུར་རོ།། དེ་བཞིན་གཤེགས་པ་མི་བཞུགས་ན། བདག་ཅག་མགོན་མེད་པ་དང
2b4 རྩ་ལག་མེད་པ་དང་ཕོངས་པར་ཇི་ལྟར་འགྱུར་ཞིག་གུ། བདག་ཅག་གི་ཐེ་ཚོམ་དང་སོམ་ཉི་ཅི་དང་ཅེ་ཡོད་པ་དེ་དང་དེ་དག་ཞུ་བར་བྱའོ་ཞེས་ཀྱང་ཟེར་ཏོ།། ཉན་ཐོས་ཆེན་པོ་འདི་དག་ཀྱང་དེ་ན་འཁོད་དེ་འདི་ལྟ་སྟེ་གནས་བརྟན་ཀཱ
2b5 ཏཱ་ཡ་ན་ཆེན་པོ་དང་གནས་བརྟན་པཀླུ་ལ་དང་གནས་བརྟན་ཉེ་དགའ་བོ་དང་དེ་དག་ལ་སོགས་པ་གཞན་དག་ཀྱང་དེ་ན་འཁོད་དེ། དེ་དག་ལ་འོད་ཟེར་གྱིས་ཕོག་ནས། འདར་རབ་ཏུ་འདར། དམ་དམ་རབ་ཏུ་དམ་དམ། འཁྲུགས
2b6 རབ་ཏུ་འཁྲུགས། བརྟབས་རབ་ཏུ་བརྟབས། འུར་འུར་རབ་ཏུའུར་འུར། འཁམས་རབ་ཏུ་འཁམས། རྨུགས་རབ་ཏུ་རྨུགས། རེངས་རབ་ཏུ་རེངས་ཏེ། དེ་དག་ལ་སོགས་པ་དག་དུ་གྱུར་ནས་ཆས་སོ།། དེའི་ཚེ་དག
2b7 སློངས་ཡ་ཕྲག་བརྒྱད་སོ་ཤིང་ཟོས་ནས་ཕྱིར་བྱུང་སྟེ། གནས་བརྟན་དེ་དག་ལ་འོད་ཟེར་གྱི་སྣང་བ་དེས་ཕོག་ནས་ཤིན་ཏུ་རིངས་པར་ཁ་གདོང་བཀྲུས་ཏེ་གཅིག་ལ་གཅིག་འཇུས་སོ།། དེ་བཞིན་གཤེགས་པའི་སྲས་དེ་དག
2b8 ཐམས་ཅད་ཀྱང་དགྲ་བཅོམ་པ། དབང་ཐོབ་པ་བྱ་བ་བྱས་པ། བྱེད་པ་བྱས་པ་ཅད་ཤེས་པ་གཙོ་བོ་ཆེན་པོ། ཆེན་པོ་སྟོང་པ་ཉིད་ཀྱིས་རང་གི་དོན་ཐོབ་པ། ཙན་དན་ཆེན་པོ་ལྟ་བུའི་གཡོག་འཁོར་དང་ལྡན་པ་སེང་གེ་ཆེན




iiif viewer powered by OpenSeadragon

2a - 3a

Texts on this page

Q788 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo