e-texts navigator
Collection
Volume
Page
Wylie

216b1 རུ་ཐོས་པའི་དཔེ་རྒྱ་ཡངས་པ་ནི་དཔེ་རྒྱ་མཚོ་ཆེན་པོ་དང་མཚུངས། སྲོག་སྟོར་ལ་ཐུག་ཀྱང་བརྫུན་ཚིག་མི་ཟེར། འཐབ་ཅིང་རྩོད་པ་ལ་མི་སྲེད་དེ་རང་ལ་ཡང་ཕན། གཞན་ལ་ཡང་ཕན། གཙང་གདང་བའི་མཆོག་གི་གཞུང་འབའ་ཤིག
216b2 འཆད་ཅིང་བཤད་དོ། ། མཆོག་དེ་བཞིན་ལ་དེ་བཞིན་དུ་སྤྱོད་པའོ།། ཤཱ་རིའི་བུ་དེ་ལྟ་བུའི་འཆད་པ་ནི་ངས་ཆོས་འཆད་དུ་གནང་ངོ་།། ཡང་དག་པར་གཤེགས་པས་ཅེ་བཤད་པ་ཆོས་སོ་ཅོག་དང་མི་འགལ་མི་ལོག་པར་བྱ་ནུས་པ་སྟེ། དེ
216b3 དེ་ཚུལ་ཁྲིམས་དང་། བསམ་བཏན་དང་།། ཤེས་རབ་དང་། གྲོལ་ཐར་དང་། ཤེས་མཐོང་བ་ལས་ཀྱང་གྲོལ་ཐར་ཏོ།། ཤཱ་རིའི་བུ་ཁེ་ཚོལ་བའི་དགེ་སློང་གི་སངས་རྒྱས་ཀྱི་ཕྱིར་ཁྱིམ་ནས་ཚུལ་ཁྲིམས་ཀྱི་ལེའུ་བཤིག་ན་ཆོས་བཤད་པ་ཅི་དགྲོས
216b4 ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ངའི་ཆོས་ཀྱི་ཡི་གེའི་ནང་ན་བཤད་པ་མི་ལ་ལ་ཞིག་བདག་དགེ་བར་མ་ཞི་ལ་བདག་གི་བག་བྱ་མི་ནུས་པར་མི་གཞན་དགེ་བར་ཞི་བ་དང་བདག་གི་བྱ་ནུས་ཤེས་ན། བདེན་པ་ཡང་མེད་དོ།། དཔེ་ངན་མི་ཞིག་བདག་རང
216b5 འདམ་རྫབ་དུ་ནུབ་ལ། མི་གཞན་དབྱུང་བར་བྱ་བ་དང་མཚུངས་ཏེ། བདེན་པ་ཡང་མེད་དོ།། མི་ལ་ལ་ཞིག་བདག་གི་དག་པར་ཞི་བར་ནུས་ཤིང་འདམ་རྫབ་ན་ཕྱིན་ནུས་པས་མི་གཞན་དབྱུང་བར་བྱ་བ་ནི་བདེན་པ་ཡོད་དོ།། དེ་ལྟ་བས་ན་ཤཱ་རིའི་བུ་ངས
216b6 ཁྱོད་ལ་བྱེ་བྲག་བྱེད་པར་བསྒོའོ། ། ཡང་དག་པར་གཤེགས་པ་ལ་འཕྱ་ཞིང་སྲུང་ན་དེའི་སྡིག་མི་ཡང་དེ།། བདེན་པར་སྨྲ་བའི་དགེ་སློང་ནི་ཆོས་འཆང་དུ་གནང་བའི་རིགས་སོ།། རྟུན་མི་ཟིང་བའི་ཚུལ་ཁྲིམས་འཛིན་པའི་དགེ་སློང་གིས་ནི་ཆོས་སྦྱིད་བའི
216b7 ནས་སོ། ། ཤཱ་རིའི་བུ་ཁྲི་སྟན་མཐོན་པོ་ལས་ཆོས་འཆད་ཅིང་ཡང་དག་པ་ངེས་པར་ཐེ་ཙོམ་གཅོད་པ་ནི་ནང་གི་བླ་མའི་དོན་ཡིན་ནོ།། ལ་ལ་ཞིག་ཚུལ་འཛིན་པ་མི་གཙང་ལ། མུར་འདུག་གི་གཞུང་ལ་ཆགས་པ་ནི་ངས་མ
216b8 གནང་ངོ་། ། བརྫུན་ཟེར་བ་དང་འཇིག་རྟེན་གྱི་སྐྱིད་པ་རིན་ཆེན་འཛིན་པ་དང་། ཡོན་གྱི་ཁེ་ཚོལ་བ་དང་། འཐབ་རྩོད་པ་ལ་སྲེད་པ་ནི་ངས་ཀྱང་མ་གནང་ངོ་།། ངས་གཙང་གདང་བར་ཚུལ་ཁྲིམས་འཛིན་པ་དང་། སེམས་དྲན་དཀན་པ་དང




iiif viewer powered by OpenSeadragon

216a - 217a

Texts on this page

Q791 - sangs rgyas kyi mdzod kyi chos kyi yi ge