| | e-texts navigator
|
209b1 དེའི་མིང་སངས་རྒྱས་ལམ་ཡང་དག་པའི་དབྱིངས་ཤེས་བྱའོ། ། ཟོ་དགེ་བ་མ་དགེ་བལ་ལ་ཞིག་དགེ་སྦྱོང་གི་ཆས་ཐོས་པར་འདོད་ན། ཆས་ཡིག་འདི་ཉོན་ཅིག་དང་། བརྒྱ་སྟོང་ཁྲི་འབུམ་གྱི་དཔག་ཚད་འདས་པ་རིགས།། ཅིའི་ཕྱིར་ཞེ་ན།།
209b2 ཡང་དག་པར་གཤེགས་པ་སངས་རྒྱས་རྣམས་ཡུན་རིང་པོ་ཞིག་ལོན་ན། གདོད་འཇིག་རྟེན་དུ་འབྱུང་ངོ་།། འཇིག་རྟེན་དུ་བྱུང་མེད་ཀྱི་བར་བར་དུ་ཟད་དོ།། ལེའུ་དཀུ་སྟེ་དོགས་པ་བྱེ་བྲག་ཕྱེད་པའི་ལེའུའོ།། ། སངས་རྒྱས་ཀྱིས་ཤཱ་རིའི་བུ
209b3 ལབཀའ་སྩལ་པ། མི་རྣམས་གསུམ་ཞིག་ཡོད་པས་ཆས་ག་གང་བཞིས་ན་སེམས་ལམ་དགའ་མེད་ད་དོ།། གསུམ་གང་ལ་སོགས་པ་ཞེས་བྱས་ན། གཅིག་ནི་ཚུལ་ཁྲིམས་ཞིག་པའི་དགེ་སློང་ངོ་།། གཉིས་ནི་དགེ་སློང་ཡར་སྐྱེ་བ
209b4 མའོ། ། གསུམ་ན་ཆེས་འཆང་བ་མི་གཙང་བ་དང་།། བདག་ཏུ་ལྟ་བ་འདོད་ཆགས་ཏེ་མི་དེས་འདི་ལྟ་བུ་བདེན་པའི་མཚན་མ་ཟབ་མཆིས་ཡོག་བཞིན་དུ་མི་འགས་པ་ཡང་སྦྱངས་ནས། དམུས་ལང་གི་སྟེ་དང་གྲོགས་ཀྱི་ཚང་བ་རག
209b5 རྒྱས་ས། དེ་ལྟ་བས་ན་ཤཱ་རི་འི་བྲེ་འི་རྗེས་ཡིག་འདི་བསླབས་ཏེ་ཁྱོད་ལ་གཏམས་བཙལ་ཏོ།། ཅིའི་ཕྱིར་ནས་ཤེས་བྱས་ན། ཆོས་ཀྱི་ཡི་གེ་འདི་ཡང་དག་པར་གཤེགས་པའི་བྱིན། གཙང་ག་དང་བར་ཚུལ་ཁྲིམས་འཛིན་པའི་དགེ
209b6 སེམས་ལ་འདི་ལྟ་བུ་ཆོས་ཡི་གེ་ཟབ་མོ་ལ་དགའ་ཞིང་དང་པ་སྐྱེ་བར་ནུས་པ་ཚུལ་ཁྲིམས་གཙང་གདང་བས་རྟག་པར་བསྡུ་ཞིང་འཛིན་པར་བྱའོ། ། ཚུལ་ཁྲིམས་ཞིག་པ་ནི་རྟག་པར་བསྲིངས་སྤངས་སོ།། ཙའི་ཕྱིར་ཞེ་ན་གཏི་མུག་གིས
209b7 ཡང་དག་པའི་བདེན་པའི་དྲང་པོའི་ཚིག་བཤད་པ་ཐོས་ན་སྡུག་བསྔལ་ཡིན་པར་འཛིན་ཏོ། ། ཤཱ་རིའི་བུ་ཚུལ་ཁྲིམས་ཞིག་པའི་དགེ་སློང་གིས་བྱད་གཟུགས་ཅིར་གྲུབ་པ་ཡང་དག་པར་གཤེགས་པས་ཞིབ་དུ་རྒྱ་ཆེར་བཤད་ཟིན་ཏོ། ཤཱ་རིའི་བུ
209b8 ཚུལ་ཁྲིམས་པཤིག་པའི་དགེ་སློང་ནི་ཆོས་ཀྱི་ཚུལ་ཁྲིམས་འཛིན་པའི་ཆོ་ག་ལམ་དང་དོ། ། གཏི་མུག་གི་མི་ནི་ཤེས་རབ་ལ་མི་དགའོ།། སེར་སྣ་ཅན་གྱི་མི་ནི་སྦྱིན་པ་བཤད་པ་ལ་ཐོས་པར་མི་དགའོ།། ལེ་ལོ་ཡང་སྐྱེ་བ་ནི་དེགས་ཤིང་ལེ་ལོ་མེད་པའི་ཆོས
iiif viewer powered by OpenSeadragon
209a - 210a