| | e-texts navigator
|
193b1 སློང་འབྲམ་ཁྲིཟག་པན་མྱ་ངནལས་འདས་པར་གྲགས་པ་ཡང་། ། ལྟ་བུར་གཅག་ནས་གཅག་ཏུསངས་རྒྱས་ད་ལ་ཤེས་པམང་པོ་དང་། རིམ་པ་མང་ས་ས་དཔའི་རྫུ་འཕྲུལ་ཅན་པ་རྣམས་ཐ་བགསས་ཀྱར་མཀུན་ཀྱ་ལས
193b2 པར་ཞུགས་སོ། ཤཱ་རིའི་བུ་སངས་རྒྱས་བཟང་རྒྱན་ཆེན་པོས་དྲང་པོ་ཆོས་ཁྱབ་པར་བཀྲམ་པ་ལ་ལྷ་དང་མི་མང་པོ་ཀུན་གྱིས་ཡོན་ཕུལ་ལོ།། ཤཱ་རིའི་བུ་སངས་རྒྱས་བཟང་རྒྱན་ཆེན་པོ་དང་། སློབ་མ་ཆེན་པོ་རྣམས་མེད་པར་འདས་པའི
193b3 བྱིན་མེ་ལ་ཁད་ཀྱིས་དགེ་སྦྱོང་གི་ཆོས་ཤེས་ཤིང་བད་སྐྱེད་པ་ལས་ཁྱིམ་ནས་འབྲུ་ཤིང་ལམ་སློབ་པའང་མང་དུ་ཡོད་ན། སངས་རྒྱས་ཀྱིས་ཆོས་ཀྱི་ཡི་གེ་ཤིན་ཏུ་ཟབ་མོ་བསྐྲུན་དུ་མེད་པའི་སྟོང་པའི་གཞུང་དྲངས་ཤིང་བགད་པ་ཤེས
193b4 པར་མི་ནུས་ཏེ། བདུད་ངན་པས་སླད་རྨོངས་པ་མང་བས། དེའི་ཚེ་ཆོས་འཆད་པ་ཡང་སེམས་གཅིག་ཏུ་མི་གྲུབ་པས་བཤད་པ་ཡང་མི་གཙང་མི་གདང་སྟེ། བདག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བ་དང་། ཚེ་སྲོག་ཡོད་པར་བཤད་ཀྱི་ཆོས་སོ་ཅོག
193b5 ཀུན་སྟོང་པ་ཞི་བར་མ་བཤད་དོ། ། སངས་རྒྱས་དེ་མེད་པར་འདས་པའི་ཕྱིན་ལོ་བརྒྱ་ལོན་ན་སློབ་མ་རྣམས་ཀྱི་སྡེ་ལྔར་བགོས་ཏེ་གཅིག་གི་མེང་ནི་ཁྱ་བ་དོན། གཉིས་ཀྱི་མིང་ནི་སྡུག་བསྔལ་བཀྲམ། གསུམ་གྱི་མིང་ནི་ཐམས་ཅད་སྒྲོག་བཞི
193b6 མིང་ནི་ཙིང་ཀི། ལྔའི་མིང་ནི་བར་འདན་ཏ་ཞེས་བྱའོ།། ཤཱ་རིའི་བྲི་དགེ་སློང་ཁྱབ་དོན་དང་། དགེ་སློང་སྡུག་བསྔལ་བཀྲམ་དང་། དགེ་སློང་དྷཱ་དཱ་ཏ་དང་། དགེ་སློང་ཙང་ཀི་དང་། དགེ་སློང་བར་འདན་ཏ་དང་། དགེ་སློང་འདི་ལྔས་ཕལ་མང་པོའི་མཁན་པོ་བྱས་ན
193b7 ཁྱབ་དོན་ཞེས་བྱ་བ་ནི་སངས་རྒྱས་ཀྱིས་ཡང་དག་པའི་བདེན་པའི་སྟོང་པའི་གཞུང་ཅི་ཡང་མེད་པའི་ཆོས་བཤད་དེདོ་ཅོག་ཤེས་སོ། ། དགེ་སློང་བཞི་པོ་གཞན་ནི་ཀུན་ཡོན་པོའི་ལམ་དུ་ལྷུང་ངོ་།། བདག་ཏུ་ལྟ་བ་ཡོད་པར་འཆང་བ་མང་། གང་ཟག་ཡོད
193b8 པར་འཆང་བ་མང་དོ། ། ཤཱ་རིའི་བུ་དགེ་སློང་ཁྱབ་དོན་ནི་སྡེ་བཞིས་བརྙས་ཏེ། དཔུང་དང་མཐུ་མེད་པས་མི་མང་པོས་སྤད་དོ།། དགེ་སློང་ངན་པ་བཞི་ནི་ཕལ་ནི་མང་དུ་ཡོན་པོའི་ལམ་དུ་ལྟ་བར་བསླབས་ཏེ། སངས་རྒྱས་ཀྱི་ཆོས་ཅིག་ལ་ཅིག་རི་མོ
iiif viewer powered by OpenSeadragon
193a - 194a