| | e-texts navigator
|
193a1 དྲ་རྒན་པའི་ཕྱེ་ངན་རྣམས་ནད་པར་ཡང་བྱེ། ཅིང་བར་བྱ་བ་འབའ་ཤིག་ནས་ཀྱི་བཀྲོལ་བར་བྱམ་ནུས་ཏེ། དེམ་བུའི་ས་སེམས་ཅན་རྣམས་ཀྱི་ངན་པའི་བགས་གཉེན་ཡིན་པར་མངན་ནོ།། བརྫུན་རྩ་ཆག་དཔ་མས་ས།།
193a2 དུ་སངས་རྒྱས་ལ་སྐུར་ཅིང་གཞིགས་སོ།། རྒྱུ་རྐྱེན་དེ་ལྟ་བས་ན་སེམས་ཅན་དམྱལ་བ་ཆེན་པོར་ལྷུང་ངོ་།། སེམས་ཅན་ཡོན་པོའི་དོན་མཐོང་བ་བསྟན་པ་མང་སྟེ། དེ་ལྟ་བས་ན་མིང་ངན་པ་ཡོན་པོ་ཐོང་བ་ཞེས་བྱའོ།། ཤཱ་རིའི་བྲེ་བདག
193a3 དྷལྟ་བ་དང་། གང་ཟག་ཏུ་ལྟ་བ་དང་། སེམས་ཅན་ཏུ་ལྟ་བ་ནི་ཡོན་པོར་ལྷུང་བ་མང་ངོ་།། ཞི་བ་མ་མཐོང་བ་ཡང་མཆོད་པ་ནི་མཱུར་ཏེ་ལམ་ཐོབ་པ་མང་ངོ་།། ཅིའི་ཕྱིར་ཞེ་ན། དེས་མཐོང་སླ་བའི་ཕྱིར་རོ།། དེ་ལྟ་བས་ན་ཤེས་པར་བྱོས་ཤིག། མི་དེ་རང
193a4 གི་རལ་གྲི་ནོན་པོ་བདང་དེདེ། ལྕེ་གཅོད་ན་ཕོད་ཀྱི་ནང་དུ་མི་གཙང་བར་ཆོས་འཆད་པ་ནི་མིགས་སོ།། ལེའུ་བདུན་ཏེ་གནའ་འདས་པའི་ལེའུའོ།། །། སངས་རྒྱས་ཀྱིས་ཤཱ་རིའི་བྲི་ལ་བཀའ་སྩལ་པ།། གནའ་འདས་པའི་ཡུན་རིང་པོ་དཔག
193a5 ཏུ་མེད་མུ་མེད། བསམ་གྱིས་མི་ཁྱབ་པ་བསྐལ་པ་གྲངས་མེད་པའི་ཚེ་སངས་རྒྱས་ཤིག་ཡོད་པ་མཚན་བཟང་པོ་དེ་བཞིན་གཤེགས་པ་གསོལ་བ་ཞེས་རིགས་དྲང་ཁྱབ་མཁྱེན་སྣང་མཛད་ཞབས་དགེ་གཤེགས་འཇིག་རྟེན་སྒྲོལ། བླན་མེད
193a6 པའི་དྲི་མ་གདུལ་ཐུལ་སྐྱེས་བུ་ལྷ་དང་མིའི་མཁན་པོ་སངས་རྒྱས་བཅོམ་ལྡན་འདས་ཤེས་བྱ་སྟེ་སངས་རྒྱས་དེ་འཇིག་རྟེན་ན་ཚེ་སྲོག་ལོ་འབུམ་ཁྲི་ཕྲག་བརྒྱ་དང་དུ་ཅུ་ལོན་ཏེ། སློབ་མ་ཆེན་པོ་ཕལ་འབུམ་ཁྲི་ཕྲག་བརྒྱད་ཅུ་དྲུག་ཅུ་པ་ཡོད་དེ།
193a7 སངས་རྒྱས་དེ་འདས་པའི་ཕྱི་ན་སྐུ་གདུང་ཁྱབ་པར་བཀྲམ་པ་ནི་འདས་པའི་ཕྱིན་པ་དང་མཚུངས་ཏེ་ཐ་དད་པ་མེད་དོ།། དྲང་པོའི་ཆོས་འཇིག་རྟེན་ན་འདུག་པ་ཡང་ལོ་ལྔ་བརྒྱ་སྟེང་འདས་པའི་ཕྱིན་པ་དང་མཚུངས་ཏེ་ཐ་དད་པ་མེད་དོ།། སངས་རྒྱ
193a8 འདས་པའི་ཕྱིན་ཕལ་ཆེན་པོ་དེ་དག་གི་ནང་ནས་ཉི་མ་གཅིག་ལ་དགེ་སློང་བརྒྱ་མྱ་ངན་ལས་འདས་པར་ཞུགས་པ་ཡོད་དོ། ། ཉིས་བརྒྱ་སུམ་བརྒྱ་བཞི་བརྒྱ་ལྔ་བརྒྱ་མྱ་ངན་ལས་འདས་པར་ཞུགས་པ་ཡོད་དོ།། ཉི་མ་གཅིག་ལ་བར་བར་དགེ
iiif viewer powered by OpenSeadragon
192b - 193b