| | e-texts navigator
|
163a1 སྟོན་པར་མ་མནོས་སོ། ། ཅིའི་ཕྱིར་ཞེ་ན་བྱས་ན། ཤཱ་རིའི་བུ་ངའི་ཡང་དག་པའི་བདེན་པའི་མཚན་མའི་ཆོས་འདི་ལ་འཇུག་ཏུའང་མི་རུང་། བླང་དུའང་མི་རུང་། དོར་དུའང་མི་རུང་། ཆགས་སུའང་མི་རུང་། བཤད་དུའང་མི་རུང་།
163a2 སྨྲ་བའི་ཚིག་གི་ལ་མ་ཆད། དགའ་བའང་མེད། གནའ་བའང་མེད། འདོད་ཅིང་དགས་པའི་སེམས་ཀྱང་ཆད་དེ། རྐྱེན་རྣམས་ཚོགས་པ་མེད། རྐྱེན་རྣམས་དང་བྲལ་བས་ཀྱང་ལམ་མེད། ལམཆད་ལམ་མེད་པ་ལ་ཐུག་པར་སྨྲ་བའི་ཚིག
163a3 རྣམས་དང་། བརྗོད་ཅིང་འགྲོ་བ་དང་། སྒྲ་སྐད་ཀུན་ཆད། དེ་གཟུགས་ཀྱང་མེད།། ཁ་དོག་ཀྱང་མེད། བླང་བའང་མེད།། ཆགས་པའང་མེད། སྤྱད་པའང་མེད། བདེན་པའང་མེད། བརྫུན་པའང་མེད། མུན་པའང་མེད། སྣང་བའང་མེད། ཞིག་པའང
163a4 མེད་རྩོད་པའང་མེད། འདུས་པའང་མེད།། བྱིས་པའང་མེད། གཡོ་བའང་མེད། སེམས་པའང་མེད། རྣམ་པར་རྟོག་པའང་མེད། ཐོབ་པར་མི་རུང་ངོ་།། དྲི་མའང་མེད། གཙང་བའང་མེད། མིང་ཡང་མེད།། མཚན་མའང་མེད། སེམས་ཀྱིས།།
163a5 བགྲང་བའི་ཆོས་ཀྱང་མ་ཡིན། སེམས་ཀྱིས་ཤེས་པའང་མ་ཡིན་ཏེ། ངའི་ཆོས་འདིའི་ནང་ན་སྐྱེས་པའང་མེད། བུད་མེད་ཀྱང་མེད། ལྷ་འང་མེད། ཀླུ་འང་མེད།། གནོད་སྦྱིན་ཡང་མེད། དྲི་ཟ་ཡང་མེད། གྲུལ་བུམ་ཡང་མེད་ཤ་ཟ་ཡང་མེད། ཆ
163a6 པའང་མེད། ། རྟག་པའང་མེད། བདག་ཏུ་ལྟ་བའང་མེད།། སེམས་ཅན་ཡང་མེད། གང་ཟག་ཀྱང་མེད། འོངས་པའང་མེད། སོང་བའང་མེད། ཞུགས་པའང་མེད།། ཚུལ་ཁྲིམས་ཀྱང་མེད། ཉམས་པའང་མེད། གཙང་བའང་མེད། དྲི་མའང་མེད། ཏིང་ངེ།
163a7 འཛིན་ཀྱང་མེད། ཐུབ་པའང་མེད། ཐུབ་པའི་རྩ་བའང་མེད། བསམ་གཏན་ཡང་མེད། བསམ་གཏན་གྱི་རྩ་བ་ཡང་མེད། ཤེས་པའང་མེད། མཐོང་བའང་མེད། འདོད་པའང་མེད། རྩོད་པའང་མེད། ལམ་ཡང་མེད། ལམ་གྱི་འབྲས་བྱ།།
163a8 འང་མེད། ཤེས་རབ་ཀྱང་མེད། ཤེས་རབ་ཀྱི་རྩ་བའང་མེད། སྣང་བ་མེད་པའང་མེད། གྲོལ་ཐར་པ་མེད་པའང་མེད། འབྲས་བུ་ཐོབ་པའང་མེད། སྟོབས་ཀྱང་མེད། སྟོབས་ཐོབ་པའང་མེད། འཇིགས་པའང་མེད། འཇིགས་པ་མེད་པ།
iiif viewer powered by OpenSeadragon
162b - 163b