| | e-texts navigator
|
162b1 ཅན་ལ་ལ་ཞིག་བདག་ཏུ་ལྟ་བར་འཆད། གང་ཟག་ཏུ་འཆད། སེམས་ཅན་ཡོད་པར་འཆད། མེད་པར་འཆད། རྟག་པ་སྙམ་དུ་འཆད། ཡོད་པ་སྙམ་དུ་འཆད། མེད་པ་སྙམ་དུ་འཆད་ཅིང་ཆོས་རྣམས་འཆད་པ་དང་། བརྙན་མའི་མིང་དུ
162b2 འཆད་པ་དང་། འཆད་པ་ཀུན་ལ་སངས་རྒྱས་ལ་ཟློག་ཅིང་གསལ་བ་སྟེ། སངས་རྒྱས་དང་རྩོད་པའོ།། ཤཱ་རིའི་བུ་ཆོས་ལ་ཅུང་ཟད་ཅིག་ཐོབ་པར་འཛིན་པ་ཡན་ཆད་སངས་རྒྱས་དང་རྩོད་པའོ།། སངས་རྒྱས་དང་ཅོད་པ་ནི་ཀུན་ཡོན་པོར
162b3 ལམ་དུ་འདུག་པ་སྟེ། ངའི་སློབ་མ་མ་ཡིན་ནོ།། འི་སློབ་མ་མ་ཡིན་ན་མྱ་ངན་ལས་འདས་པ་དང་རྩོད་པ་སངས་རྒྱས་དང་ཅོད་ག། ཆོས་དང་རྗོད་པ། དགེ་འདུན་དང་རྩོད་པ་ཏེ། ཤཱ་རིའི་བྲི་དེ་ལྟར་མཐོང་བའི་མི་ནི་ངས་ཁྱིམ་ནས་བླང་།
162b4 ཚུལ་ཁྲིམས་ནོད་དུ་མ་གནང་ངོ་།། ཤཱ་རིའི་བུད་ལྟར་མཐོང་བའི་མི་ནི་ངས་ཆུ་རུ་བ་ཅིག་དང་། ཡོན་ལེན་དུའང་མ་གནང་ངོ་།། ཤཱ་རིའི་བུ་མི་ལ་ལ་ཞིག་དེ་ལྟ་བུད་མི་དགེ་བའི་འདོད་ཆགས་ཀྱི་དོན་གསལ་བཏང་བ་ནི་ངའི་ཆོས་ཀྱི་ནང་ད་བྱིམ་ནས།
162b5 འབྱུང་ཞིང་ཆོས་ལ་མཚལ་ཏེ། མྱ་ངན་ལས་འདས་པར་ཡང་མི་སེམས་མྱ་ངན་ལས་འདས་པའི་སེམས་ཀྱང་མི་བྱེད། མྱ་ངན་ལས་འདས་པལ་མ་ཆགས་ཏེ། མཐའ་ཡུན་དུ་སྟོང་པའི་ཆོས་ཀྱིས་སྔངས་མ་སྐྲག་པ་དེ་ལྟ་བུའི་མི་ཡང་ཙ
162b6 ཀླན་འཆད་པའི་ཕྱིར་བརྩོན་འགྲུས་པ་ལ་སྤྱོད་ན། མི་དགེ་བ་ལ་འདོད་ཆགས་པ་དེ་ལྟ་བུའི་ལྷ་སྨོས་ཀྱང་ཅི་དགོས།། བདག་ཏུ་ལྟ་བ་ལ་ཆགས་པ་དང་སེམས་ཅན་ལ་ཆགས་པ་དང་། གང་ཟག་ལ་ཆགས་པ་དང་། ཆོས་ལ་ཆགས་པ་དེ་ལྟ་བུའིང་།
162b7 འདོད་ཆགས་རྣམས་བཅད་པའི་ཕྱིར་མཚན་མ་མེད་པའི་ཏིང་ངེ་འཛིན་འགྲུབ་པར་སྤྱད་སྦྱངས་ཏེ། མཚན་མ་མེད་པའི་ཏིང་ངེ་འཛིན་ལ་ཡང་མཚན་མ་མི་ལེན་ཏེ། མི་དེས་ཆོས་སོ་ཅོག་ཐམས་ཅད་ཀྱི་མཚན་ཉིད་གཅིག་ཡིན་པར་ཁོང་དུ་ཆུད་དེ།
162b8 དེ་ནི་མཚན་ཉིད་མེད་པའོ།། ཤཱ་རིའི་བུ་དེ་ལྟ་བུ་ནི་མིང་འཕྲུལ་གྱི་ཆོས་ཀྱི་མཉེན་དུལ་བའི་ཆོས་ཀྱི་བཟོད་པ་ཞེས་བྱའོ།། མཉེན་དུལ་བའི་ཆོས་ཀྱི་བཟོད་པ་དེ་ལྟ་བུ་ཐོབ་ན། གདོད་མིང་ངའི་སློབ་མ་ཡིན་ཏེ། ཡོན་ཕུལ་བའང་ཞུ་བར་བྱ་ནུས་ལ་ལུང
iiif viewer powered by OpenSeadragon
162a - 163a