e-texts navigator
Collection
Volume
Page
Wylie

159b1 བ་དང་བྱང་ཆུབ་སེམས་དཔའ་ནམ་མཁའ་སྙིང་པོ་ལ་སོགས་པའི་འཁོར་འདུས་པ་ཐམས་ཅད་རབ་ཏུ་དགའ་མགུ་ཡིད་རངས་ནས། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།
159b2 འཕགས་པ་འདའ་ཁ་ཡེ་ཤེས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སྷོ།། ། སངས་རྒྱས་ཀྱི་མཛོད་ཀྱི་ཆོས་ཀྱི་ཡི་གེ། བམ་པོ་གཅིག་གོ།། ། མིང་གཅིག་ནི་ཆོས་སོ་ཅོག་ལས་གདམ
159b3 བསྩལ་པའོ། ། སངས་རྒྱས་ཀྱིས་སངས་རྒྱས་ཀྱི་མཛོད་བཤད་པའི་ཡི་གེའི་ལེའུ་དང་པོ་སྟེ། ཆོས་སོ་ཅོག་གི་བདེན་པའི་མཚན་མོའི་ལེའུའོ།། ། འདི་བཞིན་བདག་གིས་ཐོས་པ་དུས་གཅིག་ན། སངས
159b4 རྫས་མཁར་རྒྱལ་པོའི་ཁབ་ཀྱི་རི་ལུ་མཐའི་རི་ལ། དགེ་སློང་ཆེན་པོ་རྣམས་དང་ལྷན་ཅིག་ཏུ་བཞུགས་ཏེ། ཀུན་ཀྱང་ཐལ་གྱིས་ཤེས་རིག་པ་དང་། མུ་མེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤ་སྟག་སྟེ་དཔ
159b5 ཏུ་མེད་གྲངས་མེད་དོ། ། དེའི་ཚེ་ཤ་རིའི་བུ་ཏིང་ངེ་འཛིན་ནས་བྱུང་སྟེ། སངས་རྒྱས་ཀྱི་ཐད་དུ་སོང་ནས་ཕྲག་པ་གཡས་པ་བྱུང་སྟེ། མགོ་དང་གདོང་གིས་ཕྱག་འཚལ་ནས།། སངས་རྒྱས་ལ་གསོལ་པ། བཅོམ་ལྡན་འདས་ཡང
159b6 དག་པར་གཤེགས་པས་བཤད་པ། ཆོས་སོ་ཅོག་ཀུན་སྐྱེ་བ་ཡང་མེད། འགོག་པ་ཡང་མེད། མཚན་མ་ཡང་མེད། བྱ་བ་ཡང་མེད། མི་རྣམས་ཡིད་ཅེས་ཤིང་ཤེས་པར་བགྱིས་པ་ཡོད་དཀོན་ནོ།། སངས་རྒྱས་ཀྱིས་ཤཱ་རིའི་བྲེལ་བར
159b7 བྲལ་པ། ཁྱོད་ཀྱིས་བསོད་ནམས་ཇི་ཞིག་མཐོང་ན། ཡང་དག་པར་གཤེགས་པས་བཤད་པ་ཆོས་སོ་ཅོག་ཀུན་ལ་སྡེ་པ་མེད། འགོག་པ་མེད། མཚན་མ་མེད། བྱ་བ་མེད་ན། མི་ཀུན་ཡིད་ཆེས་ཤིང་ཤེས་པར་བྱས་པ་དཀོན་ནོ་ཞེས
159b8 བསྟོད། ཤ་རིའི་བྲིས་སངས་རྒྱས་ལ་གསོལ་པ། བཅོམ་ལྡན་འདས་བདེན་པ་མ་མཆིས་ན་ཁོར་མོར་སེམས་འདི་སྙམ་བགྱིད་དོ།། བཅོམ་ལྡན་འདས་ཀྱིས་མིང་དང་མཚན་མ་མེད་པའི་ཆོས་ལ་ནི། མིང་དང་མཚན་མས་བཤད།།




iiif viewer powered by OpenSeadragon

159a - 160a

Texts on this page

Q790 - 'phags pa 'da' ka ye shes zhes bya ba theg pa chen po'i mdo
Q791 - sangs rgyas kyi mdzod kyi chos kyi yi ge