e-texts navigator
Collection
Volume
Page
Wylie

156b1 ངབ་ཞལ་ཏས་རྟག་པ་དང་། ། མི་རྟག་ཤེས་བྱོས་མྱ་ངན་མ་བྱེད་ཅི།། དེ་ནས་འཁོར་དེ་དག་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་མཆོད་པ་ཆེན་པོ་བྱས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་ནས་དང
156b2 སེམས་ཅན་གང་གཱི་ཀླུང་གཏམས་ཕྲག་དཀྲིགས་སྙེད་ཀྱི་བྱེ་མའི་གྲངས་སྙེད་ཀྱིས་སེམས་བསྐྱེད་ནས་བྱང་ཆུབ་སེམས་དཔའི་ས་དང་པོའི་གནས་ཐོབ་བོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་དང་བྲམ
156b3 ཟེ་ཆེ་ཞིང་མཐོ་བ་འོད་སྲུང་ཆེན་པོ་དང་རུས་གཅིག་པ་ལ་བཀའ་སྩལ་ཏེ། མགར་བའི་བུ་ཙུན་དབྱང་ཆུབ་ཏུ་དབང་བསྐུར་ནས་བྱང་ཆུབ་སེམས་དཔའ་དེ་གསུམ་ལ་བཀའདུལ་པ་རིགས་ཀྱི་བུདག་པ་གཡོད་པ་ཀྱིས་ནིག་པགསོད་པར་གྱིས་ཞེན།
156b4 རྐེད་པའི་ནད་དྲག་པོས་བཏབ་སྟེ། གཞོན་ནུ་དག་ང་རེ་ཤིག་ཐབས་ཀྱི་ནད་བྲང་དུ་ཉལ་བར་འདོད་ཀྱིས་ཉལ་དུ་ཆུག་ཤིག། འཇམ་དཔལ་ཁྱོད་ཀྱིས་འཁོར་ཐམས་ཅད་ལ་ཆོས་སྟོན་ཅིག། སེང་གེའི་སྒྲ་སྒྲོགས་ཤིག། གནས་བརྟན་འོད་སྲུང་ཆེན་པོ་དང
156b5 ཀུན་དགའ་བོ་གཉིས་མ་འོངས་པའི་བར་དུ་ངས་ཁྱོད་ལ་བསྟན་པ་འདི་གཏད་ཀྱིས་ན་མ་འོངས་པ་ན་དེ་གཉིས་ལ་གཏོད་ཅིག་ཅེས་དེ་སྐད་བཀའ་སྩལ་ནས། བཅོམ་ལྡན་འདས་གདུལ་བར་བྱ་བའི་དབང་གིས་ནད་པའི་ཚུལ་དུ་བཞུགས་པར
156b6 བསྟན་ཏེ་གཟིམས་ཁངས་ལོགས་སུ་ཟུར་གྱིས་གཟིམས་སོ། ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་དམ་པའི་ཆོས་གསུང་རབ་ཐམས་ཅད་ཀྱི་སྙིང་པོར་གྱུར་པ། རྒྱུད་ཕྱི་མ་ལྟ་བུ་རྟོགས་པར་དཀའ་བའི་ཆོས་ཀྱི་འབྱུང
156b7 གནས། གཅིག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པའི་མདོ་ལ། ལེའུ་ཉི་ཁྲི་ལྔ་སྟོང་ཡོད་པ་ལས། ལྷ་དང་། མི་དང་། ལྷ་མ་ཡིན་དང་། མིའམ་ཅི་དང་། རིགས་སྔགས་འཆང་དང་། སྲིན་པོ་ལ་སོགས་པ་འདུས་པས་ཞུས་པ་ཞེས་བྱ་བའི
156b8 རྫོགས། ། ། ཅུ་ལོགས་མ་སྟོང་དགྲ་བརྒྱམ་།། རྒྱག་ཀྱིམ་མཛིན་མེཛདག་། དན་ག་དྷདང་། ཆེན་གྱི་ལ་ནུ་བ་པན་རྙེད་པཅ་ནས་བརྫུར་ཏ་གཏནལ་པབཔ།




iiif viewer powered by OpenSeadragon

156a - 157a

Texts on this page

Q788 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo