| | e-texts navigator
|
153b1 སོགལ་ཏེ་དགྲ་བཅོམ་པ་རྣམས་ཀྱི་བདག་ཏུ་འདུ་ཤེས་པ་དང་། དགྲ་བཅོམ་པ་རྣམས་ཀྱི་སྲོག་ཀྱི་འདུ་ཤེས་པ་བསྲུངས་པ་ལགས་སོ་ཞེས་དལྟ་བུ་གྲོ་ཆུང་ངུ་རྣམས་ཀྱིས་ནི་དགྲ་བཅོམ་པ་གནས་ན
153b2 པར་བཞག་པ་ལགས་ཏེ། དེ་ལྟར་བགྱིས་པས་སྲོག་ཏུ་འདུ་ཤེས་པའི་ལྟ་བ་ངན་པས་རྨོངས་པའི་འབྲས་བུས་མྱུར་དུ་མནར་མེད་པར་སྐྱེ་བར་འགྱུར་ལགས་སོ།། གཅིག་ཏུ་ན་གལ་ཏེ་དགྲ་བཅོམ་པ་རྣམས
153b3 གསོད་པའི་སེམས་བསྐྱེད་དུ་ལགས་ཀྱང་སེམས་ཅན་དེ་དག་གིས་གསོད་པར་འགྱུར་མི་སྲིད་དེ་སེམས་ཅན་མང་པོ་ལོག་ཀྱང་དེ་དག་གསོད་པའི་རྔོ་མི་ཐོག་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ
153b4 སྩལ་པ། སྲོག་ཆགས་རྣམས་ལ་སྙིང་བརྩེ་བའི་ཕྱིར་བདག་དང་འདྲ་བར་བ.ལའོ།། དགྲ་བཅོམ་པ་ནི་འཚ་བ་མེད་པའི་སྒོ་ནས་དཔག་ཏུ་མེད་པ་དང་། མཚུངས་པ་མེད་པར་བལྟ་བར་བྱ་སྟེ། དེ་དག་ལ
153b5 གསོད་པའི་སེམས་བསྐྱེད་པར་མི་བྱའོ། ། དེ་ལྟར་ན་སངས་རྒྱས་ནི་རྒྱུ་མེད་པར་དོན་དང་འགལ་བ་མེ་སྟོན་ཏེ། ཚིགས་སུ་བཅད་པ་འདི་ནི་རྒྱལ་པོའི་ཁབ་ཀྱི་རི་དགས་ཀྱི་རྔོན་པ་ལས་བརྩམས་ནས་བསྟན་ཏེ་དེས་རི་དགས
153b6 བསད་ནས་ཤདང་ལྡན་པའི་ཟས་ཀྱི་སྦྱིན་པ་ལ་ང་སྤྱན་དྲངས་ནས་ངས་ཀྱང་དེས་སྤྱན་དྲངས་པ་ལ་གནང་ནས་སྒྲ་གཅན་ཟིན་དང་འདྲ་བར་ལྟ་བའི་ཚུལ་གྱིས་ཚིགས་སུ་གཅད་པས་འདི་སྐད་ཅེས་བྱས་སོ། ། ཆང་པ་དག་གིས
153b7 ཐམས་ཅད་གྲག། ཀུན་ལ་སྲོག་ནི་ཕངས་པ་ཡིན།། བདག་གི་ཉམས་ལས་དཔག་བྱ་ཞིང་།། བརྡེག་པར་མི་བྱ་གསོད་མི་བྱ།། མིག་རྒྱང་རིང་དུ་ལྟོས་ལ་རིང་དུ་འཚོ་བར་གྱིས་ཤི་ག།། ཚོ་བ་མེད་པའི་རྟགས་ཀྱི་དོན་ཁོང་དུ་ཆུད་པར་གྱིས
153b8 ཤིག། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནང་ན་མིའི་ཁྱུ་མཆོག་འཇམ་དཔལ་ལེགས་སོ་ལེགས་སོ།། སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་དགོངས་པའི་ཚིག་འདི་དྲིས་པ་དེ་ནི་ལགས་སོ།། དེ་ནས་བཅོམ་ལྡན་འདས
iiif viewer powered by OpenSeadragon
153a - 154a