e-texts navigator
Collection
Volume
Page
Wylie

152b1 ལྡན་འདས་ཀྱིས་ངལྟར་གཞན་དང་མ་འཐུན་པ་རྣམས་ཀྱང་བཀའ་སྩས་པ། ། གཞན་དག་དང་མི་འཐུན་པ་ནས་བརྒྱབ་ཡང་མ་ལགས་པ་ཅི་ཐ་ལགས། དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གནོན་དྲུང་ཆུ
152b2 ལའདི་སད་ནས་པ། འ་སྩམ་ཏོ། རིགས་ཀྱི་གྲངས་གཞན་གྱི་མི་མཐུན་པ་རྟག་མི་བྷནས་བསྟན་པ་དགང་ལས་ནི་བརྩམས་ཅིའི་ཕྱིར་ནི་བསྟན་ཅེམ། པསྐྱེས་དགྲམས་བརྩམས་ནས་བརྟན་པ་ཡིན་ཏེ་སངས་རྒྱས་པ
152b3 ལྡན་འདས་ནི་རྒྱུ་མེད་པར་དོན་འགལ་བ་སྟོན་པར་མི་མཛད་ཀྱི་རྒྱུ་དང་བཅས་པར་སྟོན་པར་མཛད་དེ། སྔོན་མ་སྐྱེས་དགྲས་པགསད་ནས་ངའི་ཐད་དུ་འོངས་ནས་འདི་ལྟར་བརྙས་ཐབས་ས་དྲི་བ་དྲིས་ཏེ་ཅི་ལགས་བཅོམ
152b4 ལྡན་འདས་ཐམས་ཅད་མཁྱེན་པ་ལགས་སམ། འོན་ཏེ་ཐམས་ཅད་མཁྱེན་པ་མ་ལགས། གལ་ཏེ་ཐམས་ཅད་མཁྱེན་པ་ལགས་ན་ཅིའི་སླད་དུ་ལྷ་སྦྱིན་རབ་ཏུ་ཕྱུང་ལགས།། དེ་ཚེ་རབས་སྟོང་ཕྲག་མང་པོར་བྱི་བཞིན
152b5 འབྲང་ཞིང་གནོད་པ་བགྱིད་པར་གཟིགས་ན་ད་ལྟར་ཡང་རྒོལ་དུ་འོང་བར་ཐམས་ཅད་མཁྱེན་པ་ཁྱོད་ཀྱིས་ཇི་ལྟར་གཟིགས་ཤེས་ཟེར་ནས་ངས་དེ་ལ་འདི་སྐད་དུ། གཞན་དང་མི་མཐུན་བརྟག་མི་བྱ་ཞེས་བྱ་བའི་ཚིགས
152b6 སྲ་བཅད་པ་བསྟན་ཏོ། ། དེ་ནི་རྒྱལ་པོ་ཆེན་པོ་ཁྱོད་བདག་གིས་ཕ་བསད་དེ་མཚམས་མེད་པའི་ལས་ཀྱི་རབ་དུག་ཆེན་པོ་བྱས་པ་དེ་སྦྱང་བར་གྱིས་ཤིག། རྒྱལ་པོ་གཞན་གྱིས་ཉེས་པ་ལ་མི་རྟོག་པར་དེ་ལྟ་བུ་ཁོང་དུ་ཆུད་པར
152b7 གྱིས་ཤིག་ཅེས་བྱས་སོ། ། གཞན་ཡང་མི་མཐུན་པ་བརྟག་པར་ཡང་བྱ་སྟེ། ཚུལ་ཁྲིམས་དང་ཆོ་ག་ལ་བརྟན་པ་གང་ཡིན་པ་དེ་དག་གི་སྐྱོན་རྟག་པ་ལྷུར་བླང་བར་བྱ་སྟེ་དེ་ནི་སངས་རྒྱས་ཀྱི་བསྟན་པ་ཡིན་ནོ།། གཞན་གྱི་མི
152b8 མཐུན་པ་ལ་རྟོག་པ་རྣམས་ཀྱིས་ནི་བདག་དང་གཞན་དག་གི་བྱས་པ་དང་མ་བྱས་པ་ནི་བདག་དང་གཞན་དག་གི་ཡིན་པར་ཤེས་པར་བྱའོ། ། དེ་ལྟ་བུའི་ཚུལ་གྱིས་གཞན་གྱིས་བྱས་པ་རྟག་ཏུ་ཡང་དག་པར་མཐོང་བ་གང་ཡིན་པ




iiif viewer powered by OpenSeadragon

152a - 153a

Texts on this page

Q788 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo