e-texts navigator
Collection
Volume
Page
Wylie

152a1 བྱས་པ་ཡིན་ནམ། དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་རྒྱལ་པོ་དང་། བློན་པོ་དང་བཙུན་མོ་རྣམས་ཀྱི་ང་རྒྱལ་བསལ་བ་དང་། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་བཙུན་མོ་རྣམས་གཞན་དང་།
152a2 གཡེམ་པ་ལ་འཇིགས་པ་དང་། སྐྱོ་བ་སྐྱེད་པའི་ཕྱིར་སྨན་པ་བཞིན་དུ་དེ་བཞིན་གཤེགས་པས་རྒྱལ་པོ་གསལ་རྒྱལ་ལས་བརྩམས་ནས། ཆུ་ཀླུང་ཆུ་ནི་གྱ་གྱུར་འབབ་ཅེས་ཚིགས་སུ་བཅད་པ་འདི་བཀའ་སྩལ་ཏེ། ཆུ་ཀླུང་བྱ
152a3 གྱུར་འབབ་ཅེས་བྱ་བ་ལ་དེ་བཞིན་གཤེགས་པ་འཁྲུལ་པ་མེད་དོ། ། གང་ཚེ་འཁྲུལ་པ་ཞིག་ཏུ་གྱུར་ན་གནམས་ལོག་པར་འགྱུར་རོ།། དེ་བས་ན་ཐམས་ཅད་སྨོས་ཏེ་གསུངས་པ་ནི་ལྷག་མ་ཡོད་པ་ཡང་ལྷག་མ་མེད་པ་དང་འདྲ་བར
152a4 གསུངས་སོ། ། འཇམ་དཔལ་བྱང་ཆུབ་སེམས་དཔའི་ལྷ་མཆོག་དམ་པ་ཁྱོད་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཤེས་རབ་རྒྱས་པར་བྱ་བ་འདི་ལེགས་སོ་ལེགས་སོ།། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན
152a5 འདས་ལ་ཡང་ཚིགས་སུ་བཅད་དེ་གསོལ་པ། བདག་གིས་བྱས་དང་མ་བྱས་རྣམས།། བརྟག་པར་བྱ་ཡི་གཞན་དག་གི། བྱས་དང་མ་བྱས་རྣམས་དང་ནི།། གཞན་གྱི་མི་མཐུན་པ་རྟག་མི་གཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ
152a6 ཆོས་ཀྱི་སྒོ་དེ་སྐད་དུ་བཀའ་སྩལ་པ་ནི་ལེགས་པར་བཀའ་སྩལ་པ་མ་ལགས་ཏེ། འདི་ལ་ཅིའི་སླད་དུ། དེ་སྐད་ཅེས་བཀའ་སྩལ་པའི་རྒྱུ་བཀའ་སྩལ་འཚལ་ལག་སོ།། བཅོམ་ལྡན་འདས་ཀྱིས་གསུང་རབ་ཡན་ལག་དགུ་ལས་འདི་ན
152a7 ཅེར་བུ་བ་སེམས་ཅན་དམྱལ་བ་ཐམས་ཅད་དང་། ཡ་མཚན་ཅན་དགུ་བཅུ་རྩ་དྲུག་པ་རྣམས་ལ་ནི་ལམ་ངན་པར་ཞུགས་པ་ཡིན་ནོ།། སངས་རྒྱས་ཀྱི་སྲས་ཐམས་ཅད་ནི་མྱ་ངན་ལས་འདས་པ་ལ་ཞུགས་པ་ཡིན་ནོ།། དྲང་པོ་དང་།
152a8 ཚུལ་ཁྲིམས་དང་ཆོ་ག་དང་ལྡན་པ་དང་། དབང་པོ་ཐུལ་པ་གང་ཡིན་པ་དེ་དག་ཐམས་ཅད་ནི་མཐོ་རིས་སུ་འགྲོ་བ་དང་། ཆོས་ཀྱི་སྤྱོད་ཡུལ་ཅན་ཡིན་ནོ་ཞེས་བདག་སྟོང་པ་དང་། གཞན་སྨོད་པ་དང་། གཞན་གཤུང་བ་བཀའ་སྩལ་ཏེ། བཅོམ




iiif viewer powered by OpenSeadragon

151b - 152b

Texts on this page

Q788 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo