e-texts navigator
Collection
Volume
Page
Wylie

151b1 དཔེར་ན་ནོར་གྱི་འབྱུང་ཁྲུང་གི་རྒྱུས་མཁན་འབྱུང་ཁུད་ལ་མི་མཁས་པ་ཞིག་གིས་དེ་ཁོ་ན་ན་གསར་མཆིས་བཞིན་དུ་འདི་ནི་གས་མ་པཆིས་སོ། ། ཞེས་མཆི་བས་ནི་གནས་ཀྱིས་ཕྱོགས་ཆའི་བྱེ་བྲག་ཅ་མ་ཉི་མ་ཤེས་པར
151b2 བགྱི་འཚལ་ལགས་སོ། ། ནགས་ཚལ་ཀུན་ནི་ཤིང་ཉིད་ཡིན། ཞེས་བགྱི་བ་ནི་ལྷག་མ་ཡོད་པའི་དོན་ལགས་ལ་ནགས་ཚལ་ནི་རྣམ་པ་མང་དུ་མཆིས་ཏེ་འདི་ལྟ་སྟེ། གསེར་དང་བཻ་དཱུརྱའི་ནགས་ཚལ་ཡང་མཆིས་ལགས་སོ།།
151b3 དེ་བཞིན་དུ་བུད་མེད་ཀུན་ལགཡོ་སྒྱུ་ཡོད་ཅེས་བགྱི་བ་དེ་ཡང་ལྷག་མ་ཡོད་པའི་དོན་ལགས་ཏེ། བུད་མེད་ལ་ཡང་ཚུལ་ཁྲིམས་དང་ལྡན་པ་དང་། འདོད་ཆགས་དང་བྲལ་བ་དང་། སེར་སྣ་མ་མཆིས་པ་དུ་མ་མཆིས་ལགས་སོ།
151b4 དབང་ཕྱུག་ཐམས་ཅད་བདེ་བ་ཡིན་ཞེས་བགྱི་བ་དེ་ཡང་ལྷག་མ་ཡོད་པའི་དོན་ལགས་ཏེ། དབང་ཕྱུག་ཅེས་བགྱི་བ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། སངས་རྒྱས་རྣམས་དབང་ཕྱུག་གི་མཆོག་ལགས་མོད་ཀྱི། དེ་དག་ཀྱང་འཆི་ཕོའི།
151b5 དབང་དུ་འགྱུར་ཞིང་ཟད་པའི་ཆོས་ཅན་ལགས་ལ། ཚངས་པའི་དབང་ཕྱུག་འདི་དག་ཀྱང་ལྷུང་བའི་ཆོས་ཅན་ལགས་ཏེ། དེ་བས་ན་དེ་དག་ནི་དབང་ཕྱུག་མ་ལགས་ཤེས་བདག་མཆི་ལགས་སོ།། རྟག་པ་དང་བརྟན་པའི་དབང
151b6 ཕྲུག་གང་ལགས་པ་དེ་ནི་མྱ་ངན་ལས་འདས་པ་མཆོག་ཏུ་བདེ་བའི་དབང་ཕྱུག་ལགས་སོ། ། བཀའ་སྩལ་པ། འཇམ་དཔལ་དཔེར་ན་སྨན་པ་ཞིག་གིས་ཁྱིམ་བདག་གི་བུ་ཞིག་གི་ནད་གསོ་བར་བྱེད་དེ་སྨན་མར་བསྐོལ་ནས་དེ
151b7 འཐུང་དུ་བཅུག་པ་ན་ནད་པ་དེ་མར་མང་དུ་འཐུང་བར་སྩོལ་ལོ། ། དེ་ནས་སྨན་པ་དེས་དེ་ལ་སྨྲས་པ། ཉམ་སྟོབས་དང་ལྡན་པས་ནི་མར་མང་དུ་བཏུང་བར་རྩལ་ཀྱང་དེས་འཇུ་བར་ནུས་ཀྱི་ཁྱོད་ནི་ཉམས་སྟོབས་མེད་པས་མར་ཧ་ཅང
151b8 མང་དུ་མ་འཐུང་ཤིག། མར་ནི་ནད་སེལ་བ་ཡང་ཡིན་མོད་ཀྱི་མང་དུ་འཐུངས་ན་དེ་ཉིད་ཀྱིས་ཁྱོད་ཡེ་འདྲོག་ཏུ་འཆི་བར་འགྱུར་རོ་ཞེས་བྱས་ན། ཅི་སྨན་པ་ཕན་པར་འདོད་ཅིང་སྙིང་རྩེ་བ་དེས་ཡང་དག་པའི་དོན་དེ་མ་རུང་བར




iiif viewer powered by OpenSeadragon

151a - 152a

Texts on this page

Q788 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo