| | e-texts navigator
|
150b1 ཅི་ལགས་དེ་ལ་སྩལ་པ་ཡང་འབྲས་བུ་ཆེ་བར་འགྱུར་ལགས་སམ། བཀའ་སྩལ་པ། རིགས་ཀྱི་བུ་དེ་སྐད་མ་ཟེར་ཅིག་དཔེར་ན་མི་ལ་ལ་ཞིག་གིས་ཤིང་ཏོག་ཨ་མྲ་ཟོས་ནས་རུས་པས་འཁོར་བའི་འོག་ཏུ་དེས་འདི་སྙམ
150b2 དུ་བསམས་ཏེ་ནང་གི་ཚིག་གུ་ཞིམ་ཡང་དག་སྙམ་ནས་དེས་དེའི་ཕྱི་རོལ་གྱི་རུས་པ་བོར་ཏེ་ཚིག་གུ་ཟོས་པ་དང་། དེས་དེའི་རོ་མི་ཞིམ་པར་ཚོར་ནས་ཡང་བོར་རོ།། དེ་ནས་ངེས་ཀྱི་ཧུད་བདག་གིས་ས་བོན་ངན་པ་མ་རུང
150b3 པར་བྱས་སོ་སྙམ་དུ་བསམས་ནས་ས་བོན་དེ་ཕྱིར་རུས་པའི་ནང་དུ་བཅུག་ནས། ས་བརྐོས་པའི་འོག་ཏུ་བཅུག་སྟེ། འོ་མ་དང་མར་ཁུས་བླུགས་ལ་ཆར་ཆེན་པོ་བབ་ཏུ་ཟིན་ཀྱང་ས་བོན་ངན་པ་མ་རུངས་པར་བྱས
150b4 པ་སྐྱེ་བར་མི་འགྱུར་ཏེ། སྐྱེ་མི་སྲིད་དོ།། དེ་ནས་ས་བོན་འདི་ནི་མ་རུང་བར་བྱས་པ་ཡིན་ཏེ་སྐྱེ་བར་མི་འགྱུར་རོ་སྙམ་ནས་ངལ་བར་གྱུར་ཏེ་ཅང་མི་ཟེར་བར་འདུག་པ་དེ་བཞིན་དུ། འདོད་ཆེན་པོ་ལ་ཡང་ས་བོན་མེད་དེ་འདོད
150b5 ཆེན་པོ་འཆགས་ཤིང་བཟོད་པ་གསོལ་པའི་སེམས་སྐྱེད་པ་ནི་མི་སྲིད་དོ། ། དེ་བས་ན་འདོད་ཆེན་པོ་དེ་ལྟ་བུ་ལ་ནི་ཐམས་ཅད་དུ་སྦྱིན་པ་འབྲས་བུ་ཆེ་བ་མ་ཡིན་ནོ།། དགྲ་བཅོམ་པ་རྣམས་ལ་ཕུལ་བའི་འབྲས་བུ་ཡང་ཐ་དད
150b6 དོ། ། རང་སངས་རྒྱས་རྣམས་ལ་བྲལ་བའི་འབྲས་བུ་ཡང་ཐ་དད་དོ།། དེ་བཞིན་གཤེགས་པ་རྣམས་ལ་ཕུལ་བའི་འབྲས་བུ་ཡང་ཐ་དད་དོ།། དེ་བས་ན་ཐམས་ཅད་དུ་སྦྱིན་པའི་འབྲས་བུ་ཆེ་བ་མ་ཡིན་ནོ།། གསོལ་པ་ཅི
150b7 སླད་དུ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདིའི་དོན་རྣམ་པ་གཉིས་སུ་བཀའ་སྩལ་ལགས། རྒྱུ་ལས་འགྱུར་ཏེ་སྔོན་རྒྱལ་པོའི་ཁབ་ཀྱི་དགེ་བསྙེན་དད་པ་མེད་པ་གཅེར་བུ་པ་ལ་དགའ་བ་ཞིག་ཡོད་པ་དེས་ངལ་སྦྱིན་པ
150b8 བྱས་པ་ཅིར་འགྱུར་བ་དྲིས་པ་དེའི་ཚེ་དེ་དྲང་བའི་ཕྱིར་སྦྱིན་པ་ཀུན་དུ་བསྔགས་པ་ཡིན་ཞེས་པའི་ཚིགས་སུ་བཅད་པ་དེ་དེ་ལ་བསྟན་ཏོ། ། དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་དུ་ཚིགས་སུ་བཅད་པའི་དོན་དགོངས
iiif viewer powered by OpenSeadragon
150a - 151a