e-texts navigator
Collection
Volume
Page
Wylie

149b1 དག་ཀྱང་འདང་ཅན་པའི་ལམ་དུ་ཞུགས་པ་ཡིན་ནོ་ཞེས་ཟར་ཏེ། འདོད་ཆེན་པ་དེ་དག་མ་གཏོགས་པར་བྱིན་པ་ཐམས་ཅད་དུ་བསྔགས་སོ།། གསལ་བ། དེ་ལ་ཚུལ་ཐམས་འཆལ་བ་ཞེས་བགྱི་བ་གང་དག་ལགས། ཀང་དུ།
149b2 པཁམ་པ་བྱུང་བྱེད་པ་རྣམས་དང་། མཚམས་མེད་པལ་བྱེད་བྱེད་པ་རྣམས་དང་། མ་རྗེ་སྤོང་བར་བྱེད་པ་ཅིད་དོ།། གསོལཔ། བཅོམ་ལྡན་འདས་ཀྱི་ལགས། དག་ཏག་ཚུལ་ཁྲིམས་འཚལ་པ་ཁོན་ལགས་སུམ
149b3 པ། འདིལ་རྒྱུ་ཡོད་དེ། དེས་ན་ཡེ་རྟག་པ་ཡང་ཡོད། ཡ་མི་རྟག་པ་ཡང་ཡོད་དེ། གང་དག་གོསཚོན་ཅན་གྱི་རྟགས་ཅན་རྣམས་དང་ལྷན་ཅིག་ཏུ་མི་གནས་ཤིང། ཁྱིམ་བདག་ཅག་ནི་བམ་བཟུང་བ་ཡིན་ཏེ། བདག་ཅག་གི་ཉེས་པ་བྱས་ས
149b4 སྙམ་ནས་འཇིགས་པར་ལྟ་ལ། དེ་དག་དམ་པའི་ཆོས་དབྱུང་བར་བྱའོ་སྙམ་ནས་ཉམས་སུ་ལེན་པར་བྱེད་ཅིང་དམ་པའི་ཆོས་ཀྱི་ཕྱོགས་འཛིན་པ་རྣམས་ཀྱི་བསྔགས་པ་བརྗོད་པར་བྱའོ།། ཆོས་མ་ཡིན་པའི་ཕྱོགས་རྣམས་ནི་ཚེར
149b5 བཅད་པར་བྱའོ། མཚུངས་པ་མེད་པའི་མདོ་སྡེ་རྣམས་ནི་གདོན་པར་བྱའོ་སྙམ་དུ་བརྩོན་པར་བྱེད་པ་གང་ཡིན་པ་དེ་དག་ཚུལ་ཁྲིམས་འཆལ་བ་ཡིན་ནོ་ཞེསང་མིང་ངོ་།། དེ་ཅིའི་ཕྱིར་ཞ་ན། རིགས་ཀྱི་བུ་དཔེར་ན་ཉི་མ་ཤང་ན་ལྟོ་བུར
149b6 རྡུལ་སངས་པར་འགྱུར་བ་དེ་བཞིན་དུ་མདོ་སྡེ་ཆེན་པོའི་ཉི་མ་འདི་ཤར་བ་ན་དེ་ལྟར་སྒོམ་བྱེད་པའི་སེམས་ཅན་རྣམས་ཀྱི་སྡིག་པའི་ཕུང་པོ་གྲངས་མེད་པ་བྱས་པ་རྣམས་ཟད་པར་འགྱུར་ཏེ། དེ་ལྟར་ན་དམ་པའི་ཆོས་འབྱིན་པ་ནི་འབྲས
149b7 བུ་ཆེ་བ་ཡིན་ནོ། ། མཚམས་མེད་པ་བྱེད་བྱེད་པ་རྣམས་དང་། མདོ་སྡེ་སྤོང་བ་གང་ཡིན་པ་དེ་དག་གལ་ཏེ་ཀྱེ་མ་བདག་ཅག་གིས་མདོ་སྡེ་སྡང་བ་བྱས་པ་འདི་ན་བདག་ཅག་བརླག་པར་འགྱུར་བ་ཡིན་ཏེ། ཉེས་པ་བྱས་སོ་སྙམ་དུ་འགྱོད་ཅིང
149b8 གདུང་བར་གྱུར་ནས། བདག་ཅག་གི་སྐྱབས་ནི་མདོ་སྡེ་ཉིད་ཡིན་ཏེ། འཁྲས་གཞན་མ་མཐོང་ངོ་སྙམ་དུ་སེམས་པར་བྱེད་ན། དེ་དག་ནི་ཟླ་བ་བྱེད་དམ། ཟླ་བ་གཅིག་གམ། དུས་ཇི་སྲིད་ཀྱི་བར་དུ་མདོ་སྡེ་ལ་སྐྱབས་སུ་མ་སོང་བའི་བར་དུ་ནི་དེ་དག




iiif viewer powered by OpenSeadragon

149a - 150a

Texts on this page

Q788 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo