| | e-texts navigator
|
149a1 མཆོག་ཙུན་ད་ལ་བདག་རྫས་སུ་ཡིད་རང་ལགས་སོ། ། བཅོམ་ལྡན་འདས་དེ་ནི་མད་སྡེ་རྣམས་བཤད་པའི་སླད་དུ་གནང་བ་མཛད་པའི་རིགས་སོ།། བཅོམ་ལྡན་འདས་ཅི་ལགས་མདོ་སྡེ་ཐམས་ཅད་ལྷག་ས།
149a2 མཆིས་པའི་དོན་ལགས་སམ། འོན་ཏེ་ལྷག་མ་མ་མཆིས་པའི་དོན་ལགས། བཀའ་སྩལ་པ། ལྷག་མ་ཡོད་པའི་དོན་ཀྱང་ཡིན། ལྷག་མ་མེད་པའི་དོན་ཀྱང་ཡིན་ནོ།། གསོལ་པ། སྦྱིན་པ་ཀུན་དུ་བསྔགས་པ་ཡིན། སྦྱིན་པ
149a3 གང་དུའང་སྨད་པ་མེད་ཅེས་བགྱི་བ་འདིར་ལྷག་མ་མཆིས་པའི་དོན་དུ་ཇི་ལྟར་བཤད་ལགས། ཚིགས་སུ་བཅད་པའི་དོན་ནི་གང་ལགས། ཚུལ་ཁྲིམས་དང་ལྡན་པ་དང་། ཚུལ་ཁྲིམས་འཆལ་བའི་བྱེ་བྲག་ནི་ཙ་མཆིས། བཀའ་སྩལ་པ།
149a4 གཅིག་མ་གཏོགས་པར་སྦྱིན་པ་ནི་ཐམས་ཅད་དུ་བསྔགས་སོ།། གསོལ་པ། མ་གཏོགས་པ་གང་ལགས། བཀའ་སྩལ་པ། མདོ་འདི་ལས་ཚུལ་ཁྲིམས་འཆལ་བར་རྩི་བ་གང་ཡིན་པའོ།། གསོལ་པ། བཅོམ་ལྡན་འདས་བཅོམ་ལྡན
149a5 འདས་ལ་དང་བདག་འདི་ཁོ་ན་ཞུ་ལགས་ན་མྱུར་དུ་བཀའ་སྩལ་དུ་གསོལ། བཀའ་སྩལ་པ། འདོད་ཆེན་པོ་མ་གཏོགས་པར་སྦྱིན་པ་ནི་ཐམས་ཅད་དུ་བསྔགས་པ་ཡིན་ནོ།། གསོལ་པ། འདོད་ཆེན་པོ་ཇི་ལྟ་བུ་ལགས། བཀའ་སྩལ་པ།
149a6 དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་ཡང་རུང་སྟེ། ཚིག་ངན་པས་མདོ་སྡེ་སྤངས་ནས་ཕྱིས་བཟོད་པ་གསོལ་བར་ཡང་མི་བྱེད་པ་དེ་ལྟ་བུ་གང་ཡིན་པ་དེ་ནི་འདོད་ཆེན་པའི་ལམ་དུ་ཞུགས་པ་ཡིན་ནོ།།
149a7 ཕམ་པ་བའི་ཟུང་བ་རྣམས་དང་། མཚམས་མེད་པལ་བྱེད་གང་ཡིན་པ་དེ་དག་ནི་བདག་ཅག་འཇིགས་པའི་གནས་སུ་ཞུགས་སོ་སྙམ་དུ་ཤེས་ཀྱང་འཇིགས་པར་མི་ལྟ་ལ་དམ་པའི་ཆོས་ཀྱི་ཕྱོགས་ཀྱང་མི་འཛིན། དམ་པའི་ཆོས
149a8 དབྱུང་ངོ་སྙམ་དུ་བང་པར་ཡང་མི་བྱེད་ལ། ། དེ་ཉིད་ཀྱི་བསྔགས་པ་མ་ཡིན་པ་ཡང་མད་པར་བྱེད་པ་དདག་ཀྱང་འདོད་ཅན་པའི་འམ་དུ་ཞུགས་པ་ཡིན་ནོ།། སངས་རྒྱས་མེད་དོ། ཆོས་མད་དོ་དག་། འདུན་མེད་དེ་ཞེས་ཟེར་བ་གང་ཡིན་པ
iiif viewer powered by OpenSeadragon
148b - 149b