e-texts navigator
Collection
Volume
Page
Wylie

148b1 དགེ་འདུན་བྱམ་ས་གསལ་པ་དང་། དེ་བཞིན་གགགས་པ་ཞལ་ཟས་མི་གསལ་བའི་ཡམ་ཅན་མད་དུ་བྱུང་བ་འང་ཡང་དག་པར་འཆལ་ཏ། འད་ན་ཐབས་ཅམ་དུ་མད་པར་བསས་སྙམ་དུས་མས་ལགས་ས་ད་།
148b2 ཀྱི་ཚོགས་རྣམས་ཀྱིས་ནི་ཀྱེ་མ་དེ་བཞིན་གཤེགས་པ་ནི་དཔག་ཏུ་མེད་པ་དང་རྟག་པ་ལགས་སོ།། སྙམ་དུ་མ་མཚལ་ལགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་མགང་བའི་བཙན་ད་ལ་བཀའ་སྩལ་གཙུན་ད་ཁྱོད་ཀྱིས་ངོ་མཚར་རྨད་དུ
148b3 བྱུང་བ་ཅི་མཐོང་། གསོལ་པ། བཅོམ་ལྡན་འདས་སྔར་ནི་དེ་བཞིན་གཤེགས་པ་ཡ་མཚན་གྱི་མཆོག་སུམ་བཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་བཅུ་མདའ་བ་དུ་མ་མཐོང་བ་ལས་ང་ནི་རང་རང་གིས་བསྐུར་ནས་འདི་ནི
148b4 བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུས་ཆེན་པོ་དག་ཏུ་སྣང་ལགས་སོ། ། དེ་བཞིན་གཤེགས་པ་ནི་དུག་སྨན་གྱི་སྡོང་པོ་ལྟ་བུའི་སྐུ་གཅིག་པུར་གྱུར་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྐོར་བར་གདཔ་ལ
148b5 སོ། ། བཀའ་སྩལ་པ། སངས་རྒྱས་སྔ་མ་གང་ཡིན་པ་དེ་དག་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བ་དང་། ཡིད་དགའ་བར་བྱ་བ་དང་། བསོད་ནམས་མི་ཟད་པར་བྱ་བའི་ཕྱིར་སྤྲུལ་བ་ཡིན་ཏེ། སྒྱུ་འཕྲུལ་འདི་ནི་བྱང
148b6 ཆུབ་སེམས་དག་རྣམས་མ་གཏོགས་པར་སེམས་ཅན་རྣམས་ཀྱིས་མི་ཤེས་སོ། ། དེ་ལྟར་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་དཔག་ཏུ་མེད་དོ།། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་དཔག་ཏུ
148b7 མེད་དོ། བྱང་ཆུབ་སེམས་དཔའ་མི་མཆོག་རྣམས་ལ་ནི་སངས་རྒྱས་ཀྱིས་རྣམ་པར་འཕྲུལ་པའི་མཐུ་ཡོད་དོ།། མགར་བའི་བུ་ཙུན་ད་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བཅུ་ཐོབ་པ་ཡིན་ཏེ། བྱང།
148b8 ཆུབ་སེམས་དཔའ་རྣམས་ཀྱི་མཆོག་གི་མཐར་ཐུག་པ་ནི་དེ་ལྟ་བུ་ཡིན་ནོ།། འོད་སྲུང་ཆེན་པོ་དང་རུས་གཅིག་པས་གསོལ་པ། བཅོམ་ལྡན་འདས་དེ་ནི་དེ་ལགས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནང་ན་མི




iiif viewer powered by OpenSeadragon

148a - 149a

Texts on this page

Q788 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo