e-texts navigator
Collection
Volume
Page
Wylie

148a1 སྙོམས་ཟ་བར་འོས་པ་ཡིན་ནོ། ། གཅིག་ཤོས་དག་ནི་འོས་པ་མ་ཡིན་ནོ།། ཇི་ལྟར་རྗེས་སུ་ཡིད་རང་བ་འདིས་གཏོལ་བ་དེ་འཇིག་རྟེན་ཐམས་ཅད་དུ་བདེ་བར་གྱུར་པའི་ཆོས་ཀྱི་བདེན་པ་ངས་ནི་དམ་པའི་ཆོས་འདོད་པ་རྣམས
148a2 ལ་བགེགས་མེད་པ་དང་། གནོད་པ་མེད་པར་གྱུར་ཅིག། དེ་ནས་ལྷ་དང་། ལྷ་མ་ཡིན་དང་། མི་དང་བཅས་པའི་འཇིག་རྟེན་གྱིས་དེ་བཞིན་གཤེགས་པ་རྟག་པར་ཁོང་དུ་ཆུད་ནས་རབ་ཏུ་དགའ་བའི་སེམས་དང་། དགེ་བའི་སེམས་དང་། སྒྲིབ
148a3 དང་བྲལ་བའི་སེམས་དང་། གཞོལ་བ་མེད་པའི་སེམས་དང་། པད་མ་འ་བྱེ་བ་ལྟ་བུའི་བཞིན་དང་ལྡན་པར་གྱུར་ན་བ་ལྷའི་མཆོད་པ་ཆེན་པོའི་ལས་བྱས་ཏེ། མེ་ཏོག་དང་། ཕྱེ་མ་དང་། བདུག་པ་དང་། ཐོས་ཀྱིས་བསྒོ་བ་ལ་སོགས་པ་གཏོར་།
148a4 སིལ་སྙན་ལ་སོགས་པ་ཡང་དཀྲོལ་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་སྲུང་ཆེན་པོ་དང་རུས་གཅིག་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་དེང་འདིར་ངོ་མཚར་རྨད་དུ་བྱུང་བ་ཅི
148a5 མཐོང་། གསོལ་པ། བཅོམ་ལྡན་འདས་བདག་གིས་སྔོན་ལན་འགའ་ཡང་མ་མཐོང་བའི་ངོ་མཚར་རྨད་དུ་བྱུང་བ་མཐོང་སྟེ། འཁོར་རེ་རེས་ཕྲལ་བའི་ཞལ་ཟས་དེ་བཞིན་གཤེགས་པ་རེ་རེ་དགེ་སློང་གི་དགེ་འདུན་དང་བཅས་པས
148a6 གསོལ་པ་མཐོང་བ་ལགས་སོ། ། འཁོར་འདི་ན་སྨྱུང་བུའི་རྩེ་མོ་ཙམ་གྱིས་ཁྱོན་དག་ལ་ཡང་ཇི་ལྟར་བཤམས་པའི་གདན་དག་ལ་དེ་བཞིན་གཤེགས་པ་ཀླུ་ཆེན་པོ་དུ་མ་བདེ་བར་བཞུགས་ཏེ་རྗེས་སུ་ཡིད་རང་བ་བཅུ་གསུམ
148a7 གྱི་ཚིགས་སུ་བཅད་པ་དག་སྟོན་ཅིང་བཞུགས་པ་མཐོང་ལགས་སོ། ། སེམས་ཅན་ཐམས་ཅད་ཀྱིས་ནི་སྒྱུ་འཕྲུལ་འདི་མ་འཚལ་ཏེ། བཅོམ་ལྡན་འདས་ནི་བདག་གིས་ཕུལ་བའི་ཞལ་ཟས་གསོལ་ཞིང་བཞུགས་སོ་སྙམ་དུ་འཛིན
148a8 ལགས་སོ། ། མི་མཆོག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་སོགས་པས་ནི་ཙུན་དས་དེ་ལྟར་འབྲས་སཱ་ལུ་ཡུལ་མ་ག་དྷའི་ན་ལི་ཀ་བརྒྱད་ལས་ཞལ་ཟས་སྦྱར་བ་ཡང་རྡུལ་ཙམ་ཡང་དགེ་སློང་གི




iiif viewer powered by OpenSeadragon

147b - 148b

Texts on this page

Q788 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo