e-texts navigator
Collection
Volume
Page
Wylie

320b1 སེམས་དཔའ་ཆེན་པོ་རྣམས་ཀྱི་སྒྲུབ་པ་གཉིས་ཏེ། གཉིས་གང་ཞེ་ན། འདི་ལྟ་སྟེ། ཅལ་བ་དང་བཅས་པའི་ཤེས་པས་སྒྲུབ་པ་དང་། ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀྱིས་སྒྲུབ་པ་སྟེ། རིགས་ཀྱི་བུ་གཉིས་པ
320b2 དེ་དག། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྒྲུབ་པའོ།། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྒྲུབ་པ་ག། གཉིས་ག་ཤན
320b3 འདུ་ལྟ་སྟེ། ས་རྣམ་པར་གཞུག་པ་ལ་མཁས་པར་སྒྲུབ་པ་དང་། ས་དབྱེར་མེད་པ་ལ་མཁས་པར་སྒྲུབ་པ་སྟྭཾ། རིགས་ཀྱི་བུ་གཉིས་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ
320b4 བོ་རྣམས་ཀྱི་སྒྲུབ་པས། ། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྒྲུབ་པ་གཉིས་ཏེ། གཉིས་གང་ཞེ་ན། འདི་ས་སྟེ། ས་ཉས་པ་རྣམཔ
320b5 སྤོང་བའི་སྒྲུབ་པ་དང་། ས་ནས་སར་འཕར་བ་ལ་མཁས་པ་ཡོངས་སུ་རྫོགས་པར་བྱ་བའི་སྒྲུབ་པ་སྟེ། རིགས་ཀྱི་བུ་གཉིས་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ
320b6 རྣམས་ཀྱི་སྒྲུབ་པའོ། ། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྒྲུབ་པ་གཉིས་ཏེ།། གཉིས་གང་ཞེ་ན། འདི་ལྟ་སྟེ། ཉན་ཐོས་དང
320b7 རང་སངས་རྒྱས་ཀྱིས་བསྟན་པའི་སྒྲུབ་པ་དང་། ། སངས་རྒྱས་ཀྱི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ལ་མཁས་པའི་སྒྲུབ་པ་སྟེ། རིགས་ཀྱི་བུ་གཉིས་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ
320b8 སེམས་དཔའ་ཆེན་པོ་རྣམས་ཀྱི་སྒྲུབ་པའོ། ། རིགས་ཀྱི་ཟ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྒྲུབ་པ་ནི་འདི་ལྟ་བུ་འདི་དག་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ




iiif viewer powered by OpenSeadragon

320a - 321a

Texts on this page

Q777 - 'phags pa ga yA mgo'i ri zhes bya ba theg pa chen po'i mdo