| | e-texts navigator
|
319b1 སྦྱོར་བས་འཚལ་བའི་ཚུལ་ཁྲིམས་ཀྱི་སེམས་འདུལ་བ་ཉིད་དང་། བྱམས་པསྒོམ་པས་ཁོང་ཁྲོ་བའི་སེམས་འདུལ་བ་ཉིད་དང་། སངས་རྒྱས་ཀྱི་ཆོས་ཡོངས་སུ་བཙལ་བ་ལ་མི་སྐྱོབས་ལེ་ལོའི
319b2 སེམས་འདུལ་བ་ཉིད་དང་། བསམ་གཏན་དང་རྣམ་པར་ཐར་པར་རྣམ་པར་འཕྲུལ་པོས་མི་དགེ་བའི་སེམས་འདུལ་བ་ཉིད་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་གཏན་ལ་འབེབས་པ་ལ་མཁས་པའི
319b3 ཚོགས་སྩོགས་པས་མི་ཤེས་པའི་སེམས་འདུལ་བ་ཉིད་དང་། ལམ་གྱི་ཚོགས་བསྐྱེད་པས་ཉོན་མོངས་པ་འདུལ་བ་ཉིད་དང་། ཕྱིན་ཅི་མ་ལོག་པའི་ལམ་བསྐྱེད་པས་བདེན་པའི་ཚོགས་སྩོགས་པས་འདུལ
319b4 བ་ཉིད་དང་། དབུས་དེང་དུས་མ་ཡིན་པར་དབང་བསྒྱུར་བས་སེམས་འདུལ་བ་དང་། བདག་མེད་པའི་ཆོས་ལ་རྟོགས་པས་བདག་འདུལ་བ་ཉིད་དེ། རིགས་ཀྱི་བུ་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས
319b5 དཔའ་ཆེན་པོ་རྣམས་ཀྱི་འདུལ་བའི་དངོས་པོའོ། ། རིགས་ཀྱི་བུ་གཞན་ཡང་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དུལ་བའི་ས་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ
319b6 ལུས་ཀྱི་ལས་མི་དགེ་བ་རྣམ་པ་གསུམ་ཡོངས་སུ་སྤོང་བས་ལས་དུལ་བ་ཉིད་དང་། ། ངག་གི་ལས་རྣམ་པ་གཞི་ཡོངས་སུ་སྤོང་བས་དག་དུལ་བ་ཉིད་དང་། ཡིད་ཀྱི་ཉེས་པར་སྤྱོད་པ་རྣམ་པ་གསུམ་ཡོངས
319b7 སུ་སྤོང་བས་སེམས་དུལ་བ་ཉིད་དང་། རང་གི་ལུས་ལ་མངོན་པར་ཞེན་པ་མེད་པའི་ཚུལ་གྱིས། ནང་དྲལ་བ་ཉིད་དང་། ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པའི་ཚུལ་གྱིས་ཕྱི་རོལ་གྱི་ཡུལ་དུ་ལ
319b8 པ་ཉིད་དང་། ལམ་ལ་མངོན་པར་ཞེན་པ་མེད་པའི་ཚུལ་གྱིས་ཡེ་ཤེས་ཀྱི་ཚོགས་ལ་མངོན་པར་ཞེན་པ་མེད་པ་དུལ་བ་ཉིད་དང་། འཕགས་པའི་སའི་ངོ་བོ་ཉིད་ལ་རྟོག་པའི་ཚུལ་གྱིས་བདགའ་སྟོང་པ་དུལ
iiif viewer powered by OpenSeadragon
319a - 320a