| | e-texts navigator
|
318a1 སྤོང་བའི་ལམ་ནིས་བརྒྱད་པ་ནས་བཟུང་སྟེ་ས་བཅུའི་བར་དུའོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་སྒྲུབ་པ་དཔའ་བོས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། ཇམ
318a2 དཔལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ལྟར་མངོན་གྱིས་རབ་ཏུ་བྱེ་བ་ཡིན། ། ཇི་ལྟར་ན་ཡེ་ཤེས་ཀྱིས་རབ་ཏུ་ཕྱེ་བ་ཡིན། འཇམ་དཔལ་གྱིས་སྨྲས་པ། རིགས་ཀྱི་བུ་དོན་ནི་ལྡན་པ་མེད་པའོ།། ཡེ་ཤེས་ནི་ལྡན་པའོ
318a3 སྨྲས་པ། འཇམ་དཔལ་ཅིའི་ཕྱིར་དོན་ནི་ལྡན་པ་མེད་ལ་ཡེ་ཤེས་ནི་ལྡན་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། རིགས་ཀྱི་བུ་དོན་ནི་འདུས་མ་བྱས་པ་སྟེ། ཆོས་གང་དེང་ཡང་ལྡན་པའམ་མི་ལྡན་པ་མ་ཡིན་པར་ཁོང་དུ་ཆུད་པར་བྱའོ།།
318a4 དེ་ཅིའི་ཕྱིར་ཞེ་ན། དོན་ནི་འགྱུར་བ་མེད་པའི་མཚན་ཉིད་ཡིན་ཏེ། དེ་ནི་ཆོས་གང་དང་ལྡན་པའམ། མི་ལྡན་པ་མ་ཡིན་པར་ཁོང་དུ་ཆུད་པར་བྱའོ།། དོན་ནི་གཟོད་མ་ནས་ཡོངས་སུ་གྲུབ་པ་མེད་པའི་ཕྱིར་ཆོས་གང་དང་ཡང་ལྡན
318a5 པའམ་མི་ལྡན་པ་མ་ཡིན་པར་ཁོང་དུ་ཆུད་པར་བྱའོ། ། དོན་ནི་དོར་བ་མེད་པ་དང་གཞག་པ་མེད་པའི་ཕྱིར་ཆོས་གང་དང་ཡང་ལྡན་པའམ་མི་ལྡན་པ་མ་ཡིན་པར་ཁོང་དུ་ཆུད་པར་བྱའོ།། ཡེ་ཤེས་ཞེས་བྱ་བ་ནི་ལམ་སྟེ། ལམ་ནི
318a6 སེམས་དང་ཡང་དག་པར་ལྡན་པ་ཡིན་གྱི་མི་ལྡན་པ་མ་ཡིན་ཏེ། རིགས་ཀྱི་བུ་དེའི་ཕྱིར་ཡེ་ཤེས་ནི་ལྡན་པ་ཞེས་བྱ་སྟེ། མི་ལྡན་པ་མ་ཡིན་ནོ།། ཡེ་ཤེས་ནི་སྤོད་བ་དང་ཡང་དག་པར་ལྡན་པ་ཡིན་གྱི་མི་ལྡན་པ་མ་ཡིན་ཏེ།
318a7 རིགས་ཀྱི་བུ་དེའི་ཕྱིར་ཡེ་ཤེས་ནི་ལྡན་པ་ཞེས་བྱ་སྟེ། མི་ལྡན་པ་མ་ཡིན་ནོ།། ཡེ་ཤེས་ཞེས་བྱ་བ་ནི་ཕུང་པོ་ལ་མཁས་པ་དང་། ཁམས་ལ་མཁས་པ་དང་། སྐྱེ་མཆེད་ལ་མཁས་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ
318a8 དང་། གནས་དང་གནས་མི་ཡིན་པ་རྣས་པར་སྤྱད་པ་ལ་མཁས་པ་སྟེ། རིགས་ཀྱི་བུ་དེའི་ཕྱིར་ཡེ་ཤེས་ནི་ལྡན་ཞེས་བྱ་སྟེ། མི་ལྡན་པ་མ་ཡིན་ནོ།། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ
iiif viewer powered by OpenSeadragon
317b - 318b