e-texts navigator
Collection
Volume
Page
Wylie

317b1 བྲལ་བ་ཤེས་པའོ། ། ཐབས་ནི་རྒྱལ་དམིགས་པ་ཤེས་པའོ།། ཤེས་རབ་ནི་རྒྱ་ཟད་པར་འགྲོ་བའོ།། ཐབས་ནི་ཆོས་ཐ་དད་པ་ཤེས་པའོ།། ཤེས་རབ་ནི་ཆོས་ཀྱི་དབྱིངས་དབྱེར་མེད་པ་ཤེས་པའོ།། བས་ནི་སངས་རྒྱས་ཀྱི་ཤིང་གི་དྷན
317b2 ཤེས་པའོ། ། ཤེས་རབ་ནི་སངས་རྒྱས་ཀྱི་ཞིང་མཉམ་པ་ཉིད་དབྱེར་མེད་པར་ཤེས་པའོ།། ཐབས་ནི་སེམས་ཅན་གྱི་དབང་པོ་དང་སྤྱོད་པ་ལ་འཇུག་པ་ཤེས་པའོ།། ཤེས་རབ་ནི་སེམས་ཅན་དམིགས་སུ་མེད་པར་ཤེས་པའོ།། ཐབས་ན
317b3 བྱང་ཆུབ་ཀྱི་རྒྱན་ཐོབ་པར་བྱེད་པ་ཤེས་པའོ། ། ཤེས་རབ་ནི་སངས་རྒྱས་ཀྱིས་ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་ཤེས་པའོ།། ལྷའི་བུ་གཞན་ཡང་མདོར་བསྡུས་པའི་ལམ་གཉིས་ཏེ། གཉིས་གང་ཞེ་ན། ཚོགས་ཀྱི
317b4 ལམ་དང་། ཡོངས་སུ་གཅོད་པའི་ལམ་མོ།། དེ་ལ་ཚོགས་ཀྱི་ལམ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དག་གོ། ཡོངས་སུ་གཅོད་པའི་ལམ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། གཞན་ཡང་མདོར་བསྡུས་པའི་ལམ་གཉིས་ཏེ། གཉིས་གང་ན
317b5 ཆགས་པ་དང་བཅས་པའི་ལམ་དང་། ཆགས་པ་མེད་པའི་ལམ་མོ།། དེ་ལ་ཆགས་པ་དང་བཅས་པའི་ལམ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དག་གོ། ཆགས་པ་མེད་པའི་ལམ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། གཞན་ཡང་མདོར་བསྡུས
317b6 པའི་ལམ་གཉིས་ཏེ། གཉིས་གང་ཞེ་ན། ཟག་པ་དང་བཅས་པའི་ལམ་དང་། ཟག་པ་མེད་པའི་ལམ་མོ།། དེ་ལ་ཟག་པ་དང་བཅས་པའི་ལམ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དག་གོ།། ཟག་པ་མེད་པའི་ལམ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ
317b7 གཞན་ཡང་མདོར་བསྡུས་པའི་ལམ་གཉིས་ཏེ། གཉིས་གང་ཞེ་ན། ཚད་ཡོད་པར་བྱས་པའི་ལམ་དང་། ཚད་མེད་པར་བྱས་པའི་ལམ་མོ།། དེ་ལ་ཚད་ཡོད་པར་བྱས་པའི་ལམ་ནི་མཚན་མའི་གནས་སོ།། ཚད་མེད་པར་བྱས་པའི
317b8 ནི་མཚན་མ་མེད་པའི་གནས་སོ། ། གཞན་ཡང་མདོར་བསྡུས་པའི་ལམ་གཉིས་ཏེ། གཉིས་གང་ཞེ་ན། ཤེས་པའི་ལམ་དང་། སྤོང་བའི་ལམ་མོ།། དེ་ལ་ཤེས་པའི་ལམ་ནི་ས་དང་པོ་ནས་བཟུང་སྟེ། ས་བདུན་པའི་བར་དུ




iiif viewer powered by OpenSeadragon

317a - 318a

Texts on this page

Q777 - 'phags pa ga yA mgo'i ri zhes bya ba theg pa chen po'i mdo