| | e-texts navigator
|
317a1 གསུམ་པ་ནི་སྤོང་བ་རབ་ཏུ་དབྱེ་བའི་ཡན་ལག་གོ། ། སེམས་བསྐྱེད་པ་བཞི་པ་ནི་འབྲས་བུ་རབ་ཏུང་དབྱེ་བའི་ཡན་ལག་གོ།། ལྷའི་བུ་གཞན་ཡང་སེམས་བསྐྱེད་པ་དང་པོ་ནི་སྨན་བསྡུ་བའི་ཚུལ་དུ་བལྟའོ།། སེམས
317a2 བསྐྱེད་པ་གཉིས་པ་ནི་སྨན་རབ་ཏུ་དབྱེ་བ་ལ་མཁས་པའི་ཚུལ་དུ་བལྟའོ། ། སེམས་བསྐྱེད་པ་གསུམ་པ་ནི་སྨན་སྦྱོར་བ་ལ་མཁས་པའི་ཚུལ་དུ་བལྟའོ།། སེམས་བསྐྱེད་པ་བཞི་པ་ནི་ནད་པ་གསོབ་ལ་མཁས་པའི་ཚུལ
317a3 བལྟའོ། ། ལྷའི་བུ་གཞན་ཡང་སེམས་བསྐྱེད་པ་དང་པོ་ནི་ཆོས་ཀྱི་རྒྱལ་པོའི་རིགས་ཀྱི་རྒྱུད་དུ་འབྱུང་བའི་ཚུལ་དུ་བལྟའོ།། སེམས་བསྐྱེད་པ་གཉིས་པ་ནི་ཆོས་ཀྱི་རྒྱལ་པོའི་རིགས་ཀྱི་རྒྱུད་ཀྱི་བསྒྲུབ་པ་ཡང་དག་པར་འ
317a4 པའི་ཚུལ་དུ་བལྟའོ། ། སེམས་བསྐྱེད་པ་གསུམ་པ་ནི་ཆོས་ཀྱི་རྒྱལ་པོའི་རིགས་ཀྱི་རྒྱུད་ཀྱི་བསླབ་པ་ཚེར་བྱིན་པའི་ཚུལ་དུ་བལྟའོ།། སེམས་བསྐྱེད་པ་བཞི་པ་ནི་ཆོས་ཀྱི་རྒྱལ་པོའི་རིགས་ཀྱི་རྒྱུད་ཀྱི་བསླབ་པ་ལ་དབང་སྒྱུར
317a5 བའི་ཚུལ་དུ་བལྟའོ། ། དེ་ནས་ལྷའི་བུ་འོད་རྣམ་པར་ངེས་པའི་འོད་ཟེར་གྱི་འོད་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ།། འཇམ་དཔལ་བྱང་ཆུབ་སེམས་དཔའ་རྣམས་ལམ་གང་དང་ལྡན་ན་མྱུར་དུ
317a6 བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་མདོར་བསྡུས་པ་གང་། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི
317a7 ལམ་ནི་མདོར་བསྟན་འདི་གཉིས་ཏེ། བྱང་ཆུབ་སེམས་དཔའ་དག་ལམ་འདི་གཉིས་དང་ལྡན་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ།། གཉིས་གང་ཞེ་ན་འདི་ལྟ་སྟེ། ཐབས་དང
317a8 ཤེས་རབའོ། ། དེ་ལ་ཐབས་ནི་བསྡུ་བ་ཤེས་པའོ།། ཤེས་རབ་ནི་ཡོངས་སུ་གཅོད་པ་ཤེས་པའོ།། ཐབས་ནི་སེམས་ཅན་ལ་ལྟ་བའོ།། ཤེས་རབ་ནི་ཆོས་ཐམས་ཅད་ལ་ལྟ་བའོ།། ཐབས་ནི་ཆོས་ལ་སྦྱོར་བ་ཤེས་པའོ།། ཤེས་རབ
iiif viewer powered by OpenSeadragon
316b - 317b