| | e-texts navigator
|
316b1 སེམས་བསྐྱེད་པ་པལྟའོ། ། དབར་ན་ཆེས་བན་ལུང་ནུབ་མ་ཟླ་བའི་དཀྱིལ་འཁོར་ཤར་བར་ལྟ་བུར་ནི་བཞིན་གཤེགས་པའི་ཡེ་ཤེས་བལྟའོ།། ལྷའི་བུ་གཞན་ཡང་ས་མས་བསྐྱེད་པ་དང་པོ་ན་ཉན་ཐོས་ཀྱིས་ལས་ཡང་དག་པ
316b2 འདའོ། ། སེམས་བསྐྱེད་པ་གཉིས་པ་ནི་རང་སངས་རྒྱས་ཀྱི་ས་ལས་ཡང་དག་པར་འདའོ།། སེམས་བསྐྱེད་པ་གསུམ་པ་ནི་མ་ངེས་པའི་ས་ལས་ཡང་དག་པར་འདའོ།། སེམས་བསྐྱེད་པ་བཞི་པ་ནི་ངེས་པའི་ཕུང་པོ་ལ་གནས་སོ།།
316b3 ལྷའི་བུག་ཞན་ཡང་དང་པོ་སེམས་བསྐྱེད་པ་ནི་ཡི་གེའི་ཕྱི་མོ་འཛིན་པའི་ཚུལ་དུ་བལྟའོ།། དཔེར་ན་རྣམ་པར་དབྱེ་བ་རབ་ཏུ་རྣམ་པར་འབྱེད་པ་ཤེས་པ་དེ་ལྟ་བུར་ནི་སྤྱོད་པ་དང་། འབྲེལ་བའི་སེམས་བསྐྱེད་པ་པལྟའོ།། དཔེར་ན
316b4 གྲངས་དང་། རྗེས་དང་། ཤོད་དགོད་པ་དེ་ལྟ་བུར་ནི་ཕྱིར་ལྡོག་པའི་སེམས་བསྐྱེད་པ་བལྟའོ།། དཔེར་ན་བསྟན་བཅོས་རྣམས་ཁོང་དུ་ཆུད་པ་དེ་ལྟ་བུར་ནི་སྐྱེ་བ་གཅིག་གིས་ཐོགས་པའི་སེམས་བསྐྱེད་པ་བལྟའོ།། ལྷའི་བུག་ཞན་ཡང
316b5 སེམས་བསྐྱེད་པ་དང་པོ་ནི་རྒྱུར་འབྲེལ་པའོ། ། སེམས་བསྐྱེད་པ་གཉིས་པ་ནི་ཡེ་ཤེས་དང་འབྲེལ་བའོ།། སེམས་བསྐྱེད་པ་གསུམ་པ་ནི་སྤོང་བ་དང་འབྲེལ་བའོ།། སེམས་བསྐྱེད་པ་བཞི་པ་ནི་འབྲས་བུས་བསྡུས་པའོ།། ལྷའི་བུ་ག
316b6 ཡང་སེམས་བསྐྱེད་པ་དང་པོ་ནི་རྒྱུས་བསྡུས་པའོ། ། སེམས་བསྐྱེད་པ་གཉིས་པ་ནི་ཡེ་ཤེས་ཀྱིས་བསྡུས་པའོ།། སེམས་བསྐྱེད་པ་གསུམ་པ་ནི་སྤོང་བས་བསྡུས་པའོ།། སེམས་བསྐྱེད་པ་བཞི་པ་ནི་འབྲས་བུས་བསྡུས་པའོ།།
316b7 གཞན་ཡང་སེམས་བསྐྱེད་པ་དང་པོ་ནི་རྒྱུ་ལས་ཡང་དག་པར་བྱུང་བའོ།། སེམས་བསྐྱེད་པ་གཉིས་པ་ནི་ཡེ་ཤེས་ལས་ཡང་དག་པར་བྱུང་བའོ།། སེམས་བསྐྱེད་པ་གསུམ་པ་ནི་སྤོང་བ་ལས་ཡང་དག་པར་གྱུར་བའོ།། སེམས
316b8 བསྐྱེད་པ་བཞི་པ་ནི་འབྲས་བུ་ལས་ཡང་དག་པར་བྱུང་བའོ། ། ལྷའི་བུ་གཞན་ཡང་སེམས་བསྐྱེད་པ་དང་པོ་ནི་རྒྱུ་རབ་ཏུ་དབྱེ་བའི་ཡན་ལག་གོ། སེམས་བསྐྱེད་པ་གཉིས་པ་ནི་ཡེ་ཤེས་རབ་ཏུ་དབྱེ་བའི་ཡན་ལག་གོ།། སེམས་བསྐྱེད
iiif viewer powered by OpenSeadragon
316a - 317a