| | e-texts navigator
|
316a1 གང་ཤེ་ན། དང་བསམས་བསྐྱེད་པ་དག་སྲུང་བ་དང་འབྲེལ་བ་དང་། བྱར་མ་ལྡོག་པ་དང་། བྱ་བ་གཅག་གིས་གྲགས་པའོ།། དལ་དྲང་བ་སེམས་བསྐྲད་པ་ན་སྤྱོད་པ་དང་། འབྲེལ་བའི་རྣ་རབ་ཏུ་ནང
316a2 པ་དང་འབྲེལ་བ་ནི་ཕྱིར་མི་ལྡོག་པའི་རྒྱུར་བལྟའོ། ། ཕྱིར་མི་ལྡོག་པ་ནི་སྐྱེ་བ་གཅིག་གིས་ཐོགས་པའི་རྒྱུར་བལྟའོ།། སྐྱེ་བ་གཅིག་གིས་ཐོགས་པ་ནི་འབྲས་བུ་དང་འགྲོལ་བའི་རྒྱུར་བལྟའོ།། ལྷའི་བུ་གཞན་ཡང་དཔེར་ན
316a3 ས་བོན་བཏབ་པ་དེ་ལྟ་བུར་ནི་དང་པོ་སེམས་བསྐྱེད་པ་བལྟའོ། ། དཔེར་ན་ས་བོན་ལས་མགུ་མངོན་པར་འགྲུབ་པ་དེ་ལྟ་བུར་ནི་སྤྱོད་པ་དང་། འབྲེལ་བའི་སེམས་བསྐྱེད་པ་བལྟའོ།། དཔེར་ན་སྡོང་བུ་དང་། མདབ་མ་དང་། མེ་ཏོ
316a4 འབྲས་བུ་འབྱུང་བ་དེ་ལྟ་བུ་ཆེ་མྱེ་ལྡོག་པའི་སེམས་བསྐྱེད་པ་བལྟའོ། ། དཔེར་ན་འབྲས་བུ་ཡོངས་སུ་སྨིན་པ་དེ་ལྟ་བུར་ནི་སྐྱེ་བ་གཅིག་གིས་ཐོགས་པའི་སེམས་བསྐྱེད་པ་བལྟའོ།། ལྷའི་བུ་གཞན་ཡང་དཔེར་ན་ཤིང་རྟ་མཁན་ཤིང
316a5 བསྡུ་བ་ཤེས་པ་དེ་ལྟ་བུར་ནི་དང་པོ་སེམས་བསྐྱེད་པར་བལྟའོ། ། དཔེར་ན་ཤིང་རྟའི་ཡན་ལག་ཡོངས་སུ་སྦྱང་བ་ཤེས་པ་དེ་ལྟ་བུར་ནི་སྤྱོད་པ་དང་། འབྲེལ་པོའི་སེམས་བསྐྱེད་པ་བལྟའོ།། དཔེ་ན་ཤིང་ཏ་ཡན་ལག་སྦྱོར་བ
316a6 ཤེས་པ་དེ་ལྟ་བུར་ནི་ཕྱིར་མི་ལྡོག་པའི་སེམས་བསྐྱེད་པ་བལྟའོ། ། དཔེར་ན་ཁལ་དག་ལ་བ་ཤེས་པ། དེ་ལྟ་བུར་ནི་སྐྱེ་བ་གཅིག་གིས་ཐོགས་པའི་སེམས་བསྐྱེད་པ་བལྟའོ།། ། ལྷའི་བུ་གཞན་ཡང་ཟླ་བ་ཆེས་པའི
316a7 དཀྱིལ་འཁོར་མངོན་པར་འགྲུབ་པ་དེ་ལྟ་བུར་ནི་དང་པོ་སེམས་བསྐྱེད་པ་བལྟའོ། ། དཔེར་ན་ཚེས་ལྔ་དང་དྲུག་དང་བདུན་གྱི་ནུབ་མོ་ཟླ་བའི་དཀྱིལ་འཁོར་ཤར་བ་དེ་ལྟ་བུར་ནི་སྤྱོད་པ་དང་། འབྲེལ་བའི་སེམས་བསྐྱེད་པ་བལྟའོ།།
316a8 དཔེར་ན་ཛེས་བཅུའི་ནུབ་མོ་ཟླ་བའི་དཀྱིལ་འཁོར་ཤར་བ་དེ་ལྟ་བུར་ནི་ཕྱིར་མི་ལྡོག་པའི་སེམས་བསྐྱེད་པ་བལྟའོ།། དཔེར་ན་ཚེས་བཅུ་བཞིའི་ནུབ་མོ་ཟླ་བའི་དཀྱིལ་འཁོར་ཤ་ར་བ་དེ་ལྟ་བུར་ནི་སྐྱེ་བ་གཅིག་གིས་ཐོགས
iiif viewer powered by OpenSeadragon
315b - 316b