e-texts navigator
Collection
Volume
Page
Wylie

315a1 འཇུག་པའོ། ། འཇམ་དཔལ་ཐ་དད་པ་མ་ཡིན་པ་དང་། ཐ་དད་པ་མེད་པ་ལ་འཇུག་པ་ནི་བྱང་ཆུབ་ལ་འཇུག་པའོ།། འཇམ་དཔལ་སོ་སོ་ཡང་དག་པར་རིག་པའི་མིག་ཡོར་དང་། བྲག་ཆ་དང་། ནམ་མཁའ་དང་། ཆུ་ཟླ
315a2 དང་། སྨིག་རྒྱུ་ལ་འཇུག་པ་ནི་བྱང་ཆུབ་ལ་འཇུག་པའོ།། དེ་ནས་ལྷའི་བུ་ཟླ་བ་དྲི་མ་མེད་པའི་གཟི་བརྗིད་འོད་ཟེར་གྱི་འོད་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ།། འཇམ་དཔལ་བྱང་ཆུབ་སེམས་དཔའ་རྣམས
315a3 ཀྱི་སྤྱོད་པ་རྩོལ་པ་ནི་ཅི། གནས་ནི་གས། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པའི་རྩོམ་པ་ནི་སྙིང་རྗེ་ཆེན་པོའོ།། གནས་ནི་སེམས་ཅན་ནོ།། སྨྲས་པའི་འཇམ་དཔལ་བྱང་ཆུབ་སེམས་དཔའ
315a4 རྣམས་ཀྱི་སྙིང་རྗེ་ཆེན་པོས་ཅིས་བསྡུས། ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ཆེན་པོ་ནི་གཡོ་མེད་པས་བསྡུས་སོ།། སྨྲས་པ་འཇམ་དཔལ་གཡོ་མེད་པ་ཅིས་བསྡུས། འཇམ་དཔལ་གྱིས
315a5 སྨྲས་པ། ལྷའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཡོ་མེད་པ་ནི་སེམས་ཅན་ཐམས་ཅད་ལ་སྙོམས་པའི་སེམས་ཀྱིས་བསྡུས་པའོ།། སྨྲས་པ། འཇམ་དཔལ་སེམས་ཅན་ཐམས་ཅད་ལ་སྙོམས་པའི་སེམས་ཅེས་བསྡུས། འཇམ།
315a6 དཔལ་གྱིས་སྨྲས་པ། ལྷའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཅན་ཐམས་ཅད་ལ་སྙོམས་པའི་སེམས་ནི་ཐ་དད་པ་མ་ཡིན་པ་དང་། ཐ་དད་པ་མེད་པའི་སྤྱོད་པས་བསྡུས་སོ།། སྨྲས་པ། འཇམ་དཔལ་ཐ་དད་པ་མ་ཡིན
315a7 པ་དང་། ཐ་དད་ཟེ་མེད་པའི་སྤྱོད་པ་ཅིས་བསྡུས། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐ་དད་པ་མ་ཡིན་པ་དང་། ཐ་དད་པ་མེད་པའི་སྤྱོད་པ་ནི་བསམ་པ་དང་། ལྷག་པའི་བསམ་པས་བསྡུས་པའོ།།
315a8 སྨྲས་པ། འཇམ་དཔལ་བསམ་པ་དང་། ལྷག་པའི་བསམ་པ་ཅིའི་ཕྱིར་བྱུང་། སྨྲས་པ། ལྷའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པ་དང་ལྷག་པའི་བསམ་པ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ཕྱིར་བྱུང་ངོ་།། སྨྲས་པ། འཇམ་དཔལ




iiif viewer powered by OpenSeadragon

314b - 315b

Texts on this page

Q777 - 'phags pa ga yA mgo'i ri zhes bya ba theg pa chen po'i mdo