e-texts navigator
Collection
Volume
Page
Wylie

314b1 མངོན་པར་རྫོགས་པར་འཚང་རྒྱ་བར་རྒྱ་བ་ཅི་ཡང་མེད། རྣམ་པ་གང་གིས་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བ་ཡང་མེད་དེ། འདི་ལ་གང་དེ་ལྟར་མངོན་པར་རྫོགས་པར་བྱང་ཆུབ་པ་དེའི་ཕྱིར་བྱང་ཆུབ་བངོད་པར་རྫོགས་པ་འཚ
314b2 རྒྱབ་ཞེས་བྱ་སྟེ། བྱང་ཆུབ་ནི་འབྱུང་བ་མེད་པ། མེ་འགྱུར་བ། མཚན་ཉིད་མེད་པའོ།། སྙམ་མོ།། དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་ཀྱི
314b3 མཚན་ཉིད་དེ་ལྟ་བུ་ལགས་ན། ། བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་ཇི་ལྟར་བྱང་ཆུབ་ཀྱི་སྲད་དུ་འཇུག་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་བྱང་ཆུབ་དེ་ཇི་ལྟ་བ་དེ་བཞིན་དུ་བྱང་ཆུབ
314b4 སེམས་དཔའ་ས་བྱང་ཆུབ་ཀྱི་ཕྱིར་འཇུག་པར་བྱའོ། ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་རབ་ཏུ་འཚལ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་བྱང་ཆུབ་ནི་ཁམས་གསུམ་པ་ལས
314b5 ཡང་དག་པར་འདས་པ། ། ཐ་སྙད་ལས་ཡང་དག་པར་འདས་པ། ཡི་གེ་སྒྲ་སྐད་ལས་ཡང་དག་པར་འདས་པ། སྒྲ་ལས་ཡང་དག་པར་འདས་པ། འཇུག་པ་མེད་པ། བཟོད་མ་ཉིད་ནས་འཇུག་པ་མེད་པའོ།། འཇམ་དཔལ་དེ་ལྟ་བས
314b6 ད་བྱང་ཆུབ་སེམས་དཔའ་འཇུག་པ་ལས་ཡང་དག་པར་འདས་པ་རྣམས་ཀྱིས་བྱང་ཆུབ་ཀྱི་ཕྱིར་འཇུག་པའོ། ། འཇམ་དཔལ་འཇུག་པ་མེད་པའི་འཇུག་པ་ནི་བྱང་ཆུབ་ལ་འཇུག་པའོ།། འཇམ་དཔལ་དངོས་པོ་མེད་པ་ལ་འཇུག་པ་ནི་བྱང
314b7 རྐུབ་ལ་འཇུག་པའོ། ། འཇམ་དཔལ་བླ་གབ་མེད་པ་ལ་འཇུག་པ་ལ་ནི་བྱང་ཆུབ་ལ་འཇུག་པའོ།། འཇམ་དཔལ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལ་འཇུག་པ་ནི་བྱང་ཆུབ་ལ་འཇུག་པའོ།། འཇམ་དཔལ་ཆོས་ཐམས་ཅད་ལ་མངོན་པར
314b8 ཞེན་པ་མེད་པ་ལ་འཇུག་པ་ནི་བྱང་ཆུབ་ལ་འཇུག་པའོ། ། འཇམ་དཔལ་ཡང་དག་པའི་མཐའ་དབྱེར་མེད་པ་ལ་འཇུག་པ་ནི་བྱང་ཆུབ་ལ་འཇུག་པའོ།། འཇམ་དཔལ་དོང་བ་མེད་པ་དང་། གཞག་པ་མེད་པ་ལ་འཇུག་པ་ནི་བྱང་ཆུབ་ལ




iiif viewer powered by OpenSeadragon

314a - 315a

Texts on this page

Q777 - 'phags pa ga yA mgo'i ri zhes bya ba theg pa chen po'i mdo