e-texts navigator
Collection
Volume
Page
Wylie

314a1 དང་། གང་གིས་ཁོང་དུ་ཆུད་པ་དང་། སུས་ཁོང་དུ་ཆུད་པར་འགྱུར་བའི་ཆོས་དེ་ལ་ངེས་པར་བརྟག་པར་བྱ་སྟེ། ཅི་ལུས་ཀྱིས་ཁོང་དུ་ཆུད་དམ། འོན་ཏེ་སེམས་ཀྱིས་ཁོང་དུ་ཆུད། གལ་ཏེ་ལུས་ཀྱིས་ཁོང་དུ་ཆུད་ངུ་ནི་ལུས
314a2 ནི་བེམས་པ། ། གཡོ་བ་མེད་པ། རྦྷ་དང་། ཤིང་དང་། རྩིག་པ་དང་། བོར་བ་དང་། མིག་ཡོར་ལྟ་བུ་སྟེ། སེམས་མེད་པ། འབྱུང་བ་ཆེན་པོ་བཞི་ལས་གྱུར་པ། ཐ་མའི་མིག་ན་བ་ཟ་ལས་བྱུང་བ། མི་རྟག་པ་དང་། རྟག་ཏུ་བསུ་བ་དང་།
314a3 བཀྲ་བ་དང་། མཉེ་དགོས་པ་དང་། འཇིག་པ་དང་། རྣམ་པར་འགྱེས་པ་དང་། རྣམ་པར་འཇིག་པའི་ཆོས་ཅན་ནོ།། སེམས་ནི་སྒྱུ་མ་དང་། མཚུངས་པ། རྟེན་ཅིང་འབྲེལ་བར་འབྱུང་བ། གནས་མེད་པ། མཚན་ཉིད་མེད་པ།། དངོས
314a4 པོ་མེད་པ། བླ་གབ་མེད་པའོ།། བྱང་ཆུབ་ནི་མིང་ཙམ་ཐ་སྙད་ཙམ་སྟེ། སྒྲ་སྐད་མེད་པ། དཔྱོད་དུ་མེད་པ། གྲུབ་པ་མེད་པ། རྒྱུ་བ་མེད་པ། འཇུག་པ་མེད་པ། རྣམ་པར་རིག་པ་མེད་པ། གདགས་པར་བྱ་བ་མ་ཡིན་པ། འོང་བ་དང
314a5 འགྲོ་བ་ལས་ཡང་དག་པར་འདས་པ། གདགས་པ་ལས་ཡང་དག་པར་འདས་པ། ཁམས་གསུམ་ལས་ཡང་དག་པར་འདས་པ། མཐོང་བ།། མ་ཐོས་པ་བྱེ་བྲག་མ་བྱེད་པ། གཞི་མེད་པ། དམིགས་པ་མེད་པ། རྒྱུ་བ་མེད་པ།
314a6 སྤྲོས་པ་མེད་པ། འཇུག་པ་མེད་པ། བརྟག་ཏུ་མེད་པ། དཔག་ཏུ་མེད་པ། བསྟན་ཏུ་མེད་པ། སྒྲ་མེད་པ། ཡི་གེ་མེད་པ། ཚིག་གི་ལམ་མེད་པའོ།། དེ་ལྟར་ན་སུ་མངོན་པར་རྫོགས་པར་འཚང་རྒྱག་གང་གིས་མངོན་པར་རྫོགས
314a7 པར་འཚང་རྒྱ། མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བ་ནི་གང་ཡིན། ཚེས་འདི་དག་ཐམས་ཅད་ནི་མི་ཙམ། བརྟགས་པ་ཙམ། བརྡ་ཙམ། ཐ་སྙད་ཙམ་སྟེ། བརྟགས་པ། ཡོངས་སུ་བརྟགས་པ། མ་བྱུང་བ་མེད་པ། རྫས
314a8 མ་ཡིན་པ། རྫས་མེད་པ། ལེན་པ་མེད་པ། བསྟན་དུ་མེད་པ། མངོན་པར་ཆགས་པ་མེད་པ་ཡིན་ཏེ། དེ་ལ་ནི་མངོན་པར་རྫོགས་པར་འཚང་རྒྱབ་སུ་ཡང་མེད།། ཅིས་མངོན་པར་རྫོགས་པར་འཚང་རྒྱ་བ་ཡང




iiif viewer powered by OpenSeadragon

313b - 314b

Texts on this page

Q777 - 'phags pa ga yA mgo'i ri zhes bya ba theg pa chen po'i mdo