e-texts navigator
Collection
Volume
Page
Wylie

313b1 རྒྱུག་བས་དུ། ཨཱ་ལྤགས་ཤི་ཤ་ནཱ་མ་མ་ཧཱ་ཡཱན་སཱུ་ཏྲ། བད་སྐད་དུ། འཕགས་པ་ག་ཡ་མགོའོ་རེ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་པ
313b2 ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ནོ།། བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་ཡུན་རིང་པོ་མ་ལོན་པར་བཅོམ་ལྡན་འདས་རེག་ཡན་ག་ལ་མིགོའི་མཆོད་རྟེན་ན། དགེ་སློང
313b3 གླིང་དྲ་ཟང་པའི་དེགེ་སློང་གི་དགེ་འདུན་ཆེན་པ་ཐམས་ཅད་ཀྱང་སྔོན་ངལ་བ་ཅན་དུ་གྱུར་པ། ཁྱ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ་བདག་གི་དོན་རྫས་སུ་ཐོབ་པ་སྲིད་པ་ཀུན་དུ་སྦྱོང་བ་ཡོངས་སུ་འད་པ་ཡང་དག
313b4 ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བག་སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་སོན་པ། དགྲ་བཅོམ་པ་ཤ་སྟག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མ་པོ་དང་ཐབས་གཅིག
313b5 བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་གཅིག་པུ་དབེན་པར་གཤེགས་པ་ནང་དུ་ཡང་དག་བཞག་ནས་ཆོས་ཀྱི་དབྱིངས་ཉིད་ལ་བཏགས་ཏེ། བདག་གིས་བྱང་ཆུབ་ནི་ཐོབ།། བདག་གིས་ཡེ་ཤེས་ནི་ཁོང་དུ་ཆུད། བྱ་བ་ནི་བྱས།
313b6 བདག་གིས་ཁུར་ནི་བོ་། བདག་གིས་འཁོར་བའི་འབྲོག་དགོན་པ་ལས་ནི་རྒལ། བདག་གིས་མ་རེག་པ་ནི་བསལ། བདག་གིས་རིག་པ་ནི་བསྒྲུབས། བདག་གི་ཟུག་རྔུ་ནི་ཕྱུང་། བདག་གི་སྲེད་པ་ནི་ཟད།། བདག་གིས་ཆོས་ཀྱི་གྲུ
313b7 དེ་སྦྱང་། བདག་གིས་ཆོས་ཀྱི་རྔ་ནི་བརྡུངས། བདག་གིས་ཆོས་ཀྱི་དུང་ནི་བུས། བདག་གིས་ཆོས་ཀྱི་རྒྱལ་མཚན་ནི་བསྒྲེང་། བདག་གིས་འཁོར་བའི་ལུགས་ནི་བཟློག། བདག་གིས་ཆོས་ཀྱི་ལུགས་ནི་བཾ་སྟད་། བདག་གིས་ལས
313b8 ངན་པ་ནི་བཅད། བདག་གིས་ལམ་ནི་ཡང་དག་པར་བསྟན།། བདག་གིས་ཞིང་ངན་པ་དག་ནི་རྣམ་པར་ཐོག་བདག་གིས་བསོད་ནམས་ཀྱི་ཞིང་དག་ནི་ཡང་དག་པར་བསྟན་ན། འདི་ལྟར་བདག་གིས་བྱང་ཆུབ་དེ་ཇི་ལྟར་ཁོང་དུ་ཆུད




iiif viewer powered by OpenSeadragon

313a - 314a

Texts on this page

Q777 - 'phags pa ga yA mgo'i ri zhes bya ba theg pa chen po'i mdo