e-texts navigator
Collection
Volume
Page
Wylie

208a1 ནི་སེམས་ཀུན་ཀྱང་། ། དཔའ་རླབས་བཞིན་དུ་འབྱུང་བར་འགྱུར།། ཐམས་ཅད་བག་ཆགས་ཏྭ་ལས་བྱུང་།། རྐྱེད་བཞིན་དུ་ནི་འབྱུང་བའོ།། སྐད་། དང་པ་ལ།། རང་གི་སེམས་ནི་དོན་ལ་འཛིན
208a2 དབྱིབས་ཀྱིས་མཚན་ཉིད་རྣམ་པར་དག། ཡང་དང་མིག་ལས་གས་ལས་བྱུང་།། ཐོག་མ་མེད་ནས་རྣམ་པར་འབྲེལ།། དེན་སྣང་བག་ཆགས་རྣམས་ལས་བྱུང་།། ཇི་ལྟར་སྣང་བ་སེམས་སྣང་སྟེ།། མུ་སྟེགས་ལྟ་བ་བཟློག་པ
208a3 དེ་ཡི་རྒྱུས་བྱུང་གཞན་ཉིད་ཀྱང་། ། དེ་ལ་དམིགས་ནས་འཇུག་པར་འགྱུར།། དེ་ལས་ལྟ་བ་ཤེས་པ་དག། འཁོར་བར་རབ་ཏུ་འཇུག་པར་འགྱུར།། དངོས་པོ་རྨི་ལམ་སྙམ་འདྲ། དྲི་ཟའི་གྲོང་ཁྱེར་རྣམས་བཞིན་ཏེ།།
208a4 རྒྱ་བ་དང་ཆུ་ཟླ་ལྟར།། རང་གི་རྣམ་རྟོག་རྣམ་པར་སྒོམས།། འཇུག་པའི་རྣམ་པས་དེ་བཞིན་ཉིད།། ཡང་དག་ཡེ་ཤེས་དེ་ཡི་གནས།། རྒྱུ་མ་དཔའ་བར་འགྲོ་ལ་སོགས།། ཏིང་ངེ་འཛིན་ནི་གཞན་རྣམས་དང་།། མངོན་པར་ཤེས
208a5 རང་དབང་རྣམས་དང་། ། ཡེ་ཤེས་སྒྱུ་མ་ལྟ་བུ་དང་།། དེ་བཞིན་གཤེགས་པས་དབང་བསྐུར་བ།། ས་ལ་ཞུགས་ནས་ཐོབ་པར་འགྱུར།། གང་ཚེ་འགྲོ་བ་རྣམ་རྟོག་མཐོང་།། དེ་ཚེ་སེམས་ནི་ལྡོག་པར་འགྱུར།། སེམས་ནི་ར
208a6 ཏུ་དགའ་བ་དང་། ། སངས་རྒྱས་ས་དང་ས་རྣམས་འཐོབ།། གནས་ན་རབ་ཏུ་གྱུར་པའི་ཕྱིར།། ཇི་ལྟར་སྣ་ཚོགས་ནོར་བུ་བཞིན།། སེམས་ཅན་རྣམས་ཀྱི་དོན་བྱེད་དེ།། ཚུལ་གཟུགས་བརྙན་ཇི་བཞིན་ནོ།། ཡོད་དང་མེད་པའི
208a7 ཕྱོགས་རྣམས་དང་། ། གཉིས་དང་གཉིས་མེད་པ་དང་བྲལ།། ཉན་ཐོས་རང་རྒྱལ་འདིས་གྱུར་ན།། ས་བདུན་པོར་ནི་འགྱུར་བ་ཡིན།། སོ་སོ་རང་ཆོས་མཐོང་བས་ནི།། ཡང་དག་པ་ཡིས་སྦྱངས་ཏེ།། ཕྱི་རོལ་མུ་སྟེགས
208a8 རྣམས་སྤངས་པའི། ། ཐེག་པ་ཆེན་པོ་པཤེད་པར་བྱ།། རྣམ་པར་རྟོག་པར་རབ་གྱུར་ན། ཤི་འཕོས་འཇིགས་པ་རྣམ་སྤངས་པ།། རི་བོང་སྤུ་ལ་ནོར་བུ་བཞིན།། གྲོལ་བ་རྣམས་ལ་ཚུལ་ཡང་བཤད།། ཇི་ལྟར་ཚིག




iiif viewer powered by OpenSeadragon

207b - 208b

Texts on this page

Q775 - 'phags pa lang kar gshegs pa'i theg pa chen po'i mdo