| | e-texts navigator
|
207b1 བཞིན་བརྟག་བྱ་བའི། ། སེམས་ཅན་གང་གིས་རབ་ཏུ་ཕྱུང་།། ཕུང་པོ་སྐྱེ་མཆེད་ཚོགས་རྣམས་ཀྱི།། རྒྱུ་ནི་ཡིད་ལ་སོགས་པ་སྟེ།། བདག་མེད་རྟག་ཏུ་འདྲེན་མང་བཞིན།། སེམས་དང་བཅས་ཏེ་རབ་ཏུ་འཇུག། འདི་གཉིས་རྟག་ཏུ་འོད་གསལ
207b2 བ། ། ཀླུ་དང་འབྲས་བུ་སྤངས་པའོ།། དེ་དག་སྒྲུབ་པ་མེ་མ་ཡིན།། རྟོག་གོ་ཅན་གྱིས་མི་ཤེས་སོ།། སེམས་དང་སེམས་ཅན་མྱ་ངན་འདས།། རང་བཞིན་གྱིས་ནི་འོད་གསལ་ཏེ།། ཡིད་ལ་སོགས་པའི་ཉེས་པ་ཡིས།། ཉོན་མོངས་མཁའ་བཞིན་ཐ
207b3 དད་མིན། ། གླང་པོའི་མ་ལ་སོགས་བཞིན་སྔུན་ཡོད།། མུ་སྟེགས་ལྟ་བས་དྲི་མར་བྱས།། ཡིད་ཀྱི་རྣམ་པར་ཤེས་པས་གཡོགས།། མེ་ལ་སོགས་པས་རྣམ་པར་སྦྱངས།། དེ་ཡིས་ཡང་དག་ཇི་བཞིན་མཐོང་།། མཐོང་ནས་ཉོན་མོངས་རྣམས
207b4 ཀྱང་བཤིག། ཐིབས་པོའི་དཔེ་རྣམས་རབ་སྤངས་ཏེ།། དེ་དག་འཕགས་པའི་སྤྱོད་ཡུལ་དོང་།། ཤེས་དང་ཤེས་པའི་བྱེ་བྲག་གིས།། དེ་གཉིས་གཞན་དུ་མི་བརྟག་པ།། བློ་ངན་རྣམས་ཀྱིས་མི་རྟོགས་ཏེ།། བརྗོད་དུ་མེད་པ་སྨྲ་བར་བྱེད།།
207b5 ཇི་ལྟར་ཙན་དན་བྱས་པའི་རྔ།། བྱིས་པ་དག་ནི་གཞན་དུ་བྱེད།། དེ་བཞིན་ཙན་དན་ཨ་གར་འདྲའི།། ཤེས་པ་རྟོག་གེ་ངན་པས་སོ།། ལངས་ནས་ཁ་ཟས་ཕྱིས་མི་ལེན།། ལྷུང་བཟེད་གནས་དང་ཕྱིད་པ་ཅན།། གདོད་འགྱུར་ལ་སོགས་ཉེས
207b6 པ་ཅན། ། དག་པས་ཟས་ལ་སྤྱད་པར་བྱ།། སུ་ཞིག་ཚུལ་འདི་རིགས་པས་དཔོག་བྱེད་པ།། དད་ལྡན་རྣལ་འབྱོར་བརྩོན་ཞིང་མི་རྟོག་པ།། མི་གནས་དོན་ལ་རྟེན་པར་གྱུར་པ་དེ།། ཆོས་ཀྱི་རྣམ་པར་གསར་བཞིན་སྤྱད་པར་བྱ།། ཀུན་པས
207b7 སྲིད་དང་མི་སྲིད་རྐྱེན་རྟོག་པ། ། དེ་ནི་ལྟེ་ངན་དྲ་བ་དྲི་མེད་བཅས།། འདོད་ཆགས་ཞེ་སྡང་གཏི་མུག་བཅས་པ་ལྡོག། ཆགས་མེད་སངས་རྒྱས་ཕྲག་གིས་དབང་བསྐུར་འགྱུར།། མུ་སྟེགས་རྒྱ་ཡི་ཕྱོགས་ཀྱིས་བསླང།། གཞན་ཡང་རྐྱེན་གྱིས
207b8 རྣམ་པར་རྨོངས། ། གཞན་དག་རྒྱུ་མེད་དེ་འབྱུང་བས།། དོན་མེད་པ་ནི་ཆད་པའོ།། ཡི་དེ་དང་རྣམ་པར་ཤེས་པ་དང་།། རྣམ་པར་སྨིན་པ་གྱུར་པ་སྟེ།། ཡིད་ནི་ཀུན་གཞི་ལས་བྱུང་བ།། རྣམ་པར་ཤེས་པ་ཡིད་ལས་བྱུང་།། ཀུན་གཞི་ལ
iiif viewer powered by OpenSeadragon
207a - 208a