e-texts navigator
Collection
Volume
Page
Wylie

207a1 @#། ། བདག། སེམས་ཅན་མང་པོ་སྣ་ཚོགས་བཞིན།། འགྲོ་དང་འགྲོ་བར་རྣམ་པར་བསྒོམས།། ལུང་དང་རིགས་པར་བྲལ་གྱུར་པ།། ཉོན་མོངས་ཕྱོགས་དང་ཟང་འཐོབ་བྱེད།། བུ་སྟེགས་ས་པའི་ཟླ་བ་ལ།། བློ་གྲོས་ཅན་གྱི
207a2 མི་སྤྱད་དོ། ། ཐོག་མར་ཉེ་བར་ལེན་པ་ལས།། བདག་ནི་ཕྱེ་བས་བྱེ་བྲག་དབྱེ།། མ་པེ་བྱེ་བྲག་འབྱེད་པ་ནི།། མོ་བཤམ་བུ་ལ་བྱེ་བྲག་འབྱེད།། འཕྲུལ་གྱིས་མཐོང་བ་སེམས་ཅན་རྣམས།། ཤེས་དང་ཤེས་རབ་རྣམ་པར་སྤངས།། ལུས
207a3 ཅན་ཀུན་གྱི་གཟུགས་ཡོད་པ། ། འདུ་བྱེད་ཕུང་པོར་སྤངས་གྱུར་པའོ།། ཁ་དོག་བཟང་དང་ངན་གྱུར་ཅིང་།། གྲོལ་དང་མ་གྲོལ་ཁྱད་གྱུར་པ།། ལྷ་རྫས་འདུ་བྱེད་གཏོགས་པ་ཡི།། འདུ་བྱེད་གནས་པ་རབ་ཏུ་མཐོང་།། འགྲོ་བའི་མཚམ
207a4 སུ་གཟུགས་ལྡན་རྣམས། ། རྟོག་གེ་ཅན་གྱི་སྤྱོད་ཡུལ་མིན།། མི་ཡ་ཡུལ་ལས་ང་འདས་ཏེ།། ངན་པའི་རྟོག་གེ་ཅན་གཞན་མིན།། བདག་མེད་ཡིན་ལ་སེམས་འབྱུང་ན།། ཅི་ལས་དེ་ནི་འབྱུང་བར་འགྱུར།། འབབ་ཏུ་མི་མང་ས་བོན
207a5 ཕྱིར་དེ་ཡི་འབྱུང་མི་བཤད། ། རྣམ་པར་ཤེས་པ་མ་སྐྱེས་ལ།། མི་ཤེས་ལ་སོགས་མེད་པ་སྟེ།། དེ་མེད་པར་ནི་རྣམ་ཤེས་པ།། རྒྱུད་ཀྱི་སྐྱེ་བར་ཇི་ལྟར་འགྱུར།། དུས་གསུམ་དང་ནི་དུས་མེད་དང་།། བརྗོད་པ་མེད་དང་རྣམ་པའོ།
207a6 སངས་རྒྱས་ཤེས་བྱ་བར།། རྟོག་གེ་ཅན་རྣམས་རབ་ཏུ་བརྗོད།། ཤེས་པ་འདུ་བྱེད་རྒྱུས་འབྱུང་བ།། འདུ་བྱེད་རྣམས་ཀྱིས་མི་བརྗོད་དེ།། འདུ་བྱེད་བསྒྲུབས་པའི་ཤེས་པ་ནི།། འདྲ་བྱེད་དུ་ནི་གཏོགས་པ་འཛིན།། འདི་ཡོད
207a7 ནི་འདི་འབྱུང་སྟེ། ། རྐྱེད་རྣམས་ལ་ན་རྒྱུ་མེད་པ།། གསལ་བར་བྱེད་པར་རབ་ཏུ་སྟོན།། དེ་མེད་པས་ན་བྱེད་པ་མེད།། རླུང་ནི་མེ་དང་སྤྲིན་དག་ལ།། སྐྱེད་པ་ཡིན་ཏེ་འབྱིན་པ་མིན།། བསྐྱོད་ནས་དེས་ནི་ཞིར་འགྱུར་ན།། ཇི་ལྟར་སེམས་ཅད
207a8 ཏུ་བསྒྲུབས། ། འདུས་བྱས་འདུས་མ་བྱས་པ་ན།། ཉེར་ལེན་རྣམ་པར་སྤངས་པར་བརྗོད།། མེ་ནི་དེ་ལ་བསྒྲུབས་པར་ཡང་།། ཇི་ལྟར་བྱིས་པ་རྟོག་པར་བྱེད།། ཕན་ཚུན་སྟོབས་དང་མཐུ་ཡི་ཕྱིར།། མི་རྣམས་ཀྱིས་ནི་མི་འབྱུང་ན།། གང་ཕྱིར




iiif viewer powered by OpenSeadragon

206b - 207b

Texts on this page

Q775 - 'phags pa lang kar gshegs pa'i theg pa chen po'i mdo