e-texts navigator
Collection
Volume
Page
Wylie

206b1 ཇི་ལྟར་དངུལ་ཆུ་དག་པ་ལ། ། དྲི་མ་རྣམས་ཀྱིས་མཆགས་པ།། དེ་བཞིན་ལུས་ཅན་ཐམས་ཅད་ཀྱི།། ཀུན་གཞི་གནས་ཀྱང་དག་པའོ།། ཤིང་ཀུན་དྲི་དང་སྲོག་པ་དང་།། མ་མ་མཆོ་།། ལན་ཀྲོལ་སོགས་ཡོད
206b2 ཕྱིར་ས་བོན་བཞིན་མི་འགྱུར། ། དེ་ཉིད་དང་ནི་ཐ་དད་དང་།། དེ་བཞིན་གཉིས་ཀ་གཉིས་མ་ཡིན།། ཡོད་པ་ཡི་ནི་རྒྱུ་མེད་དེ།། འདུས་བྱས་ལ་མེད་མེད་པ་མིན།། བདག་ནི་རྟ་དང་འདྲ་བར་ཡོད།། ཕུང་པོ་བ་ལང་ངོ་བོ་སྤངས།། འདུས་བྱས
206b3 འདུས་མ་བྱས་པ་ལ། ། སྨེར་མེད་བརྗོད་མེད་རང་བཞིན་ནོ།། ལུང་དང་རིགས་པས་ངན་པར་མཐོང་།། རྟོག་གེའི་ལྟ་བས་དྲ་མར་བྱས།། ཕྱེ་བ་མེད་པར་བདག་ཏུ་སྨ།། རྒྱུ་མེད་མ་ཡིན་གཞན་ནི་མེད།། དེ་དག་གི་ནི་ཉེས་བསགས་པ།
206b4 ཕུང་པོས་པ་དག་ཏུ་མི་བསྐམ་སྟེ།། གཅིག་པ་དང་ནི་དེ་ལས་གཞན།། རྟོག་གེ་ཅན་གྱིས་མི་ཤེས་སོ།། མེ་ལོང་ཆུ་དང་མིག་རྣམས་ལ།། ཇི་ལྟར་གཟུགས་བརྙན་སྣང་འཕུར་བ།། གཅག་དང་ཐ་དད་བྲལ་བ་བནན།། དེ་བཞིན་གང
206b5 པུ་ཤེ་པའོ། ། བསྒོམ་དང་ན་བསྒོམ་བསམ་གཏན་པ།། ལམ་དང་བདེན་དང་མཐོང་བ་སྟེ།། དེ་རྣམས་གསུམ་ན་རྣམ་བསྒོམས་ན།། ལྟ་བ་ངན་ལས་གྲོལ་བར་འགྱུར།། ཇི་ལྟར་མཐོང་ན་ཞིག་བའི་གླག། ཁྱིམ་བུ་ལ་མོ་འཁོར་ལོ་ལྟར།། དེ་བཞི
206b6 པར་འ་པལ། ། བྱིས་པ་བཞིན་དུ་མ་རྟོག་ཤིག། དངོས་པོ་མེད་པས་མྱ་ངན་འདས།། བྱིས་པའི་སེམས་ནི་རྨོངས་པར་བྱེད།། ཇི་ལྟར་འདུག་བཞིན་མཐོང་བ་དང་།། འཕགས་པས་མཐོང་བ་ཡོད་པའི་ཕྱི་པ་དང་དེ་འཇིག
206b7 ཡིད་དང་མེན་སྤངས་པ། ། མཚན་ཉིད་མཚན་བཞི་བྲལ་བ་ཡི།། འགྱུར་བ་རྣམ་པར་བསྒོམ་པར་བྱ།། མུ་སྟེགས་ཅན་གྱི་སྨེ་དང་བྲལ།། མིང་དང་དབྱིངས་ནི་སྤངས་གྱུར་པ།། ནང་གི་ལྟ་བའི་གནས་རྣམམ་རྒྱས།། འགྱུར་བ
206b8 པ་བྱས། ། རེག་པ་དང་ནི་གཟིར་བ་ཡིས།། ལྷ་དང་སེམས་ཅན་དམྱལ་བའི་ལུས།། བར་མ་དོ་ཡི་སྲེད་མེད་དེ།། རྣམ་པར་ཤེས་པས་བསྐྱེད་པ་ཡིན།། མངལ་སྒོང་དྲོད་གཤེར་ལསགས་པའོ།། སྲིད་པ་བ




iiif viewer powered by OpenSeadragon

206a - 207a

Texts on this page

Q775 - 'phags pa lang kar gshegs pa'i theg pa chen po'i mdo